མཚོ་སྔོན་གྱིས་ཞིང་ཆེན་ཡོངས་སུ་རྫོང་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུ་ལྟེ་གནས་བཅུ་གཅིག་འཛུགས་སྐྲུན་བྱས།
2017.11.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གློག་རྡུལ་ཚོང་དོན་སྡེ་བར་སྐྱོད་པའི་དཔེ་སྟོན་བྱ་བའི་སྐུལ་འདེད་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་གློག་རྡུལ་ཚོང་དོན་སྡེ་བར་སྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་བྱ་བར་གྲུབ་འབྲས་མངོན་གསལ་བླངས་ནས་ཞིང་སྡེའི་གློག་རྡུལ་ཚོང་དོན་དེ་དབུལ་ཕོངས་རྫོང་ལ་གནད་ཕིགས་དབུལ་སྐྱོར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཉིས་སྟོང་བཅོ་ལྔ་ལོ་ནས་ཉིས་སྟོང་བཅུ་བདུན་ལོའི་བར། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་ཀྲུང་དབྱང་གི་ནོར་སྲིད་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་བརྩོན་ལེན་བྱས་ཏེ། ཧོང་ཀྲུང་དང་མིན་ཧོ། རྐང་ཚ་སོགས་རྫོང་བཅོ་བརྒྱད་ལ་རྒྱལ་ཁབ་གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་རྫོང་གསར་འཛུགས་བྱ་བ་སྤེལ། མིག་སྔར། ཉིས་སྟོང་བཅོ་ལྔ་ལོའི་དཔེ་སྟོན་རྫོང་གསར་འཛུགས་བྱ་བར་གྲུབ་འབྲས་ངེས་ཅན་ཐོབ་ཡོད་པ་དང་། རོང་འབྲོག་མང་ཚོགས་སྐུལ་སློང་བྱས་ཏེ་ལས་ཞུགས་ཡོང་འབབ་ཇེ་མཐོར་གཏོང་བ་དང་གནད་ཕིགས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ལ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད། ཉིས་སྟོང་བཅུ་དྲུག་ལོའི་དཔེ་སྟོན་རྫོང་གིས་སྒྲུབ་འགན་ཁུར་བའི་ཁེ་ལས་ཀྱི་སུས་འགུགས་དེ་འཇོན་བྱ་བ་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་དང་འབྲེལ་ཡོད་བྱ་བ་གཞན་དག་ལ་གོ་རིམ་ཡོད་པ་དང་བརྟན་འཇགས་སྒོས་སྐུལ་འདེད་གཏོང་བཞིན་ཡོད། ཉིས་བཅུ་བདུན་ལོའི་དཔེ་སྟོན་རྫོང་གིས་ལས་གཞི་ལག་བསྟར་བྱེད་པའི་རིགས་སོ་སོའི་གྲ་སྒྲིག་བྱ་བ་སྤེལ་བཞིན་ཡོད་པ་དང་ཀྲུང་དབྱང་གི་མ་དངུལ་དག་ཞིང་ཆེན་རིམ་འཔི་ནོར་སྲིད་ལས་ཁུངས་བརྒྱུད་དེ་དཔེ་སྟོན་སྡེ་བ་སོ་སོར་བྱིན།

མིག་སྔར། ཞིང་ཆེན་ཡོངས་ནས་རྫོང་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུ་ལྟེ་གནས་བཅུ་གཅིག་དང་རྫོང་རིམ་པའི་གསོག་དངོས་སྡེབ་སྐྱེལ་ལྟེ་གནས་ལྔ། ཞང་གྲོང་རིམ་པའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་བརྒྱ་དང་སོ་གསུམ། སྡེ་བ་རིམ་པའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཞབས་ཞུའི་གནས་དྲུག་བརྒྱ་སོ་གསུམ་འཛུགས་སྐྲུན་བྱས་ཡོད་པར་མ་ཟད། སྔ་གཞུག་ཏུ་གསོ་སྦྱོང་འཛིན་གྲྭ་ཐེངས་བརྒྱ་དང་ལྔ་བཅུ་ལྷག་སྤེལ་བ་དང་བསྡོམས་པས་མི་ཁྲི་གཅིག་དང་སྟོང་བཞི་ཉིས་བརྒྱ་རེ་དྲུག་ལ་གསོ་སྦྱོང་བྱས། གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་དཔེ་སྟོན་བྱ་བས་མཚོ་སྔོན་གྱི་ས་ཁུལ་ཁ་ཤས་ཤིག་གི་དབུལ་ཕོངས་སྡེ་བ་ཞེ་གཅིག་དང་དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་དང་ཉིས་བརྒྱ་ལྔ་བཅུར་སྐུལ་ཁྲིད་བྱས་པ་དང་། དབུལ་ཕོངས་མི་སྣ་སྟོང་ལྔ་ཙམ་གྱིས་ཁྱད་ལྡན་གསོ་སྤེལ་དང་འདེབས་འཛུགས་སོགས་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་ནས་ལོ་རེར་མི་རེར་ཡོང་འབབ་སྒོར་སྟོང་ལྔ་བརྒྱ་དང་དོན་ལྔ་ཡོད་པ་མངོན་འགྱུར་བྱས།