མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་རོགས་སྐྱོར་སྲིད་ཇུས་གསར་བ་སྤེལ་ནས། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་གཏང་རྒྱུ་རེད།
2017.11.16 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 8

 ཕན་འབྲས་ལྡན་པའི་སྒོ་ནས་མཁར་གྲོང་གི་འཚོ་བར་དཀའ་ཁག་ལྡན་པའི་མང་ཚོགས་ནད་ཀྱི་དབང་གིས་དབུལ་བོར་འགྱུར་བ་དང་ཡང་བསྐྱར་དབུལ་བོར་འགྱུར་འགྱུར་བའི་གནད་དོན་རྩ་བ་ནས་ཐག་གཅོད་བྱ་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཡིད་འཐད་བྱུང་བ་བརྒྱུད། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་སོགས་སྡེ་ཁག་དྲུག་དང་མཉམ་འབྲེལ་གྱི་སྒོ་ནས༼སྨན་བཅོས་རོགས་སྐྱོར་ལ་ཤུགས་སྣོན་དང་མཁར་གྲོང་སྡོད་དམངས་ཀྱི་ནད་ལྕི་མོའི་རིགས་ཀྱི་སྨན་བཅོས་ཉེན་སྲུང་ཕན་འབྲས་ལྡན་པའི་ངང་སྦྲེལ་མཐུད་བྱས་ཏེ་གོམ་གང་མདུན་སྤོས་ཀྱིས་རོགས་སྐྱོབ་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་སྐོར་གྱི་བརྡ་ཁྱབ༽སྤེལ་ནས།གོམ་གང་གདུན་སྤོས་ཀྱིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནད་གཞི་ལྕི་མོའི་རིགས་ཀྱི་རོགས་སྐྱོབ་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པར་བསྟན། རེབ་འདིའི་སྨན་བཅོས་རོགས་སྐྱོབ་སྲིད་ཇུས་ལེགས་སྒྲིག་བྱས་ཏེ། ཕན་འབྲས་ལྡན་པའི་སྒོ་ནས་མཁར་གྲོང་གི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ནད་ལྕི་མོའི་རིགས་ཀྱི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་གོམ་གང་མདུན་སྤོས་ཀྱིས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་སྨན་རིན་ཇེ་ཡང་དུ་གཏོང་བ། ཐོབ་ཚོར་མངོན་གསལ་གྱིས་ཇེ་མཐོར་གཏང་རྒྱུ་རེད།
གཙོ་གནད་ཀྱི་རོགས་སྐྱོར་བྱ་ཡུལ་དང་ཡོང་འབབ་དམའ་བའི་རོགས་སྐྱོར་ཡུལ་གྱི་ནད་ལྕི་མོའི་རིགས་ཀྱི་སྨན་བཅོས་རོགས་སྐྱོབ་དེ་སྔའི་སྒོར་ཁྲི་གསུམ་སྤྲོད་པ་ནས་སྒོར་ཁྲི་གཅིག་སྤྲད་པས་ཆོག་ལ། རོགས་སྐྱོར་བསྡུར་ཚད་བརྒྱ་ཆའི་དྲུག་ཅུ་ལ་འཕར་རྒྱུ་རེད། ནད་ལྕི་མོ་ཕོག་པའི་རོགས་སྐྱོར་བྱ་ཡུལ་གྱིས་སྨན་བཅོས་རོགས་སྐྱོབ་དེ་སྔའི་སྒོར་ཁྲི་བརྒྱད་སྤྲོད་པ་ནས་སྒོར་ཁྲི་ལྔ་སྤྲད་པས་ཆོག་པ་དང་བསྡུར་ཚད་ནི་བརྒྱ་ཆའི་ལྔ་བཅུ་ཡིན་ལ། རོགས་སྐྱོར་མ་དངུལ་གྱི་ཚད་གཞི་ནི་སྒོར་ཁྲི་བཅུ་ཡིན།
གོམ་གང་མདུན་སྤོས་ཀྱིས་བྱིས་པའི་ཞག་སྡོད་ཀྱི་སྨན་བཅོས་རོགས་སྐྱོར་བསྡུར་ཚད་མཐོར་འདེགས་སུ་གཏང་རྒྱུ་ཡིན་ཏེ། གཙོ་གནད་རོགས་སྐྱོར་བྱ་ཡུལ་ལས་དྭ་ཕྲུག་ཕུད་པའི་ལོ་བཅུ་བཞིའི་མན་གྱི་བྱིས་པ་ཞག་སྡོད་ཀྱི་རོགས་སྐྱོར་བསྡུར་ཚད་བརྒྱ་ཆའི་བཅུ་ནས་བརྒྱ་ཆའི་དགུ་ཅུ་ལ་འཕར་རྒྱུ་དང་། ཆེས་མཐོ་བའི་སྨན་རིན་གྱི་རོགས་སྐྱོར་ཚད་གཞི་སྒོར་ཁྲི་དྲུག་ཡིན།
བརྡ་ཁྱབ་ལས་བླང་བྱ་བཏོན་པ་ལྟར་ན། ས་གནས་སོ་སོས་གོམ་གང་མདུན་སྤོས་ཀྱིས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དང་ལྟ་སྐུལ་བརྟག་དཔྱད་ལ་ཤུགས་སྣོན་བྱས་ཏེ། སྨན་བཅོས་རོགས་སྐྱོར་གྱི་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་ཡོང་བར་ཁག་ཐེག་བྱས་ནས་ཚད་གཞི་མཐོན་པོས་དཀའ་ཁག་ཅན་གྱི་མང་ཚོགས་ཀྱིས་སྨན་བཅོས་བྱེད་དཀའ་བའི་ཁུར་བོ་ཇེ་ཡང་དུ་གཏོང་དགོས། དུས་མཚུངས་སུ། གོམ་གང་མདུན་སྤོས་ཀྱིས་སྲིད་ཇུས་དྲིལ་སྒྲོག་ལ་ཤུགས་སྣོན་དང་མང་ཚོགས་ཀྱིས་འབྲེལ་ཡོད་སྲིད་ལ་རྒྱུས་ལོན་བྱ་བའི་ཚད་གཞི་ཇེ་མཐོར་གཏོང་བ། རང་འགུལ་གྱིས་མཁར་གྲོང་གི་དཀའ་ངལ་ཅན་གྱི་མང་ཚོགས་ལ་རོགས་སྐྱོར་བྱ་བ་སྤེལ་ནས་རོགས་སྐྱོར་སྲིད་ཇུས་ཁག་ཐེག་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།