ཉེ་སྔོན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར། ཀྲུང་གོའི་རྒྱལ་སྤྱིའི་བཟོ་སྐྲུན་བློ་འདྲི་ཀུང་ཟིས་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྐབས་གཉིས་པའི་བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་འཆར་འགོད་ལག་བསྟར་བྱས་འི་གནས་ཚུལ་ཐད་ཀྱི་དུས་སྐབས་བར་མའི་དཔྱད་འཇོག་གི་ཡུལ་དངོས་རྟོག་ཞིབ་བྱ་བ་སྤེལ།
རྒྱུས་ལོན་བྱུང་བ་ལྟར་ན། 2013ལོ་ནས2017ལོའི་བར། བཟོ་སྐྲུན་ཐད་ནས་ས་སྤྱི་ཆིངས་འབུམ་གཅིག་དང་ཁྲི་གཉིས་སྟོང་གཅིག་བདུན་བརྒྱ་ལ་རི་རྒྱ་ནགས་གསོ་བྱེད་རྒྱུའི་འཆར་གཞི་བཀོད་པ་དང་། མིག་སྔར་ལས་འགན་ཡོངས་རྫོགས་ལེགས་འགྲུབ་བྱས་ཟིན་ལ། འབྲོག་ཁྱིམ་ཁྲི་གཉིས་དང་སྟོང་གཅིག་ལ་ཁ་གསབ་དྲོད་ཁང་དང་རྩྭ་འཇོག་ས་ལས་རྒྱུའི་འཆར་གཞི་བཀོད་པ་དང་། དེས་འཆར་འགོད་ལས་འགན་གྱི་བརྒྱ་ཆའི་བརྒྱ་ཟིན་ལ། ད་ལྟ་ལས་འགན་ཡོངས་རྫོགས་ཡོངས་འགྲུབ་བྱས། དེར་མ་ཟད་བརླན་སར་བཀག་སྡོམ་བྱས་ནས་བཅོས་སྐྱོང་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་པ་དང་། ས་ནག་ཐང་སྤྱི་ཆིངས་ཁྲི་དགུ་དང་སྟོང་གཅིག་ཉིས་བརྒྱ་ལ་བཅོས་སྐྱོང་བྱས།
རྟོག་ཞིབ་བྱེད་སྐབས། དཔྱད་འཇོག་ཆེད་མཁས་པའི་ཚན་ཆུང་སོ་སོ་ཡུས་ཧྲུའུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཉིས་སུ་སོང་ནས། སྔ་གཞུག་ཏུ་ས་ནག་ཐང་བཅོས་སྐྱོང་དང་རི་རྒྱ་ནགས་གསོ། བརླན་ས་སྲུང་སྐྱོང། སྐྱེ་ཁམས་ཕྱུགས་ལས་ཐད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ལས་གཞི་ལག་བསྟར་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་བཟོ་སྐྲུན་བློ་འདྲིའི་ལྟེ་གནས་ཀྱི་རང་ཞིང་གི་དཔྱད་འཇོག་གནས་ཚུལ་ཐད་ཀྱི་སྙན་ཞུར་ཉན། ཆེད་མཁས་པ་ཚོས་བཟོ་སྐྲུན་ལག་བསྟར་བྱས་པའི་གྲུབ་འབྲས་དང་མཚོ་སྔོན་ཞིང་ཆེན་གྱིས་སྤེལ་བའི་བྱ་བའི་ཐད་ནས་ཁས་ལེན་གང་ལེགས་བྱས།