ཉེ་བའི་ལོ་འདི་དག་གི་རིང་ལ། ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཞིང་ལས་ཀྱི་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་མཐོ་སྒང་གི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས། ཟླ་དགུ་བའི་ཟླ་མཇུག་བར་དུ། ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་དངུལ་བུན་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་གཉིས་དུང་ཕྱུར་གཅིག་ལྷག་བཏང་བ་དང་དེའི་དངུལ་བུན་ཡོངས་ཀྱི་བརྒྱ་ཆའི་དོན་བརྒྱད་ཟིན་པ་དང་། དེའི་ནང་དབུལ་སྐྱོར་ཐད་དངུལ་བུན་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་དྲུག་དུང་ཕྱུར་བདུན་ལྷག་བཏང་།
ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཤུགས་ཆེན་པོས་དབུལ་ཕོངས་ས་ཁུལ་གྱི་གཞུང་ལམ་དང་ཞིང་སྡེའི་གཞུང་ལམ་དྲ་རྒྱ་འཛུགས་སྐྲུན་ལས་གཞིར་རྒྱབ་སྐྱོར་བྱས་ཏེ་གཞུང་ལམ་འཛུགས་སྐྲུན་ཐད་ཀྱི་དངུལ་བུན་ལས་གཞི་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་སྟེ་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང་ཞེ་གཉིས་ལ་ཁེབས་པར་བྱས་པ་དང་། དངུལ་བུན་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བརྒྱད་དུང་ཕྱུར་གཅིག་ལྷག་བཏང་སྟེ་ཞིང་སྡེའི་གཞུང་ལམ་སྤྱི་ལེ་ཁྲི་གཅིག་དང་སྟོང་དྲུག་བརྒྱ་དང་ཞེ་གཉིས་གསར་འཛུགས་བྱས། ཁང་རྙིང་བསྒྱུར་བཀོད་ལས་གཞིར་རྒྱབ་སྐྱོར་བྱས་ཏེ་ཉེ་བའི་ལོ་གསུམ་གྱི་རིང་ལ་ཁང་རྙིང་སྒྱུར་བཀོད་ལས་གཞི་ཉེར་བཞི་ཡོངས་གྲུབ་བྱས་པ་དང་བསྡོམས་པས་དངུལ་བུན་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་བརྒྱད་ལྷག་བཏང་། མཁར་གྲོང་གཞི་གཅིག་ཅན་འཛུགས་སྐྲུན་ལས་གཞིར་རྒྱབ་སྐྱོར་བྱས་ཏེ་ཧུར་ཐག་གིས་མཐོ་སྒང་གི་མཛེས་པའི་ཞང་སྡེ་འཛུགས་སྐྲུན་དང་རོང་འབྲོག་ཁུལ་གྱི་ཉེན་ཁང་སྒྱུར་བཀོད། ཞིང་སྡེའི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་བྱེད་ས་སོགས་མི་སྡོད་ཁོར་ཡུག་ལེགས་བཅོས་དང་། སློབ་གསོ་དང་སྨན་བཅོས། འཕྲོད་བསྟེན་སོགས་སྤྱི་བའི་ལས་རིགས་ལ་རོགས་སྐྱོར་བྱས། དམངས་ཚིས་ཆུ་བེད་འཕེལ་རྒྱས་གཏོང་བ་དེ་ལས་འགན་གཙོ་བོར་བརྩིས་ཏེ་ཆུ་བེད་འཛུགས་སྐྲུན་ལས་གཞི་གཙོ་བོར་རྒྱས་སྐྱོར་བྱས། ཉེ་བའི་ལོ་གསུམ་གྱི་རིང་ལ། བསྡོམས་པས་དངུལ་བུན་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བཏང་སྟེ་ཆུ་བེད་འཛུགས་སྐྲུན་ལས་གཞི་བརྒྱད་ལ་རྒྱབ་སྐྱོར་བྱས་པ་དང་། དེས་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དངུལ་ཕོངས་མི་གྲངས་འབུམ་གཉིས་དང་ཁྲི་དྲུག་ལྷག་ལ་ཕན་ཁེ་བསྐྲུན།