ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་ཡིས་ཏང་ཨུའི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གཟབ་ནན་གྱིས་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན། སྤྱི་བདེ་པུའུ། ཞིང་ཆེན་སྤྱི་བདེ་ཐིན་བཅས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་དགོས་པའི་སྐོར་གྱི་མཛུབ་སྟོན་བླང་བྱ་བརྒྱུད་སྒྲོག་བྱས་པར་མ་ཟད། ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེག་མཐར་ཕྱིན་བྱེད་པའི་རིགས་སོ་སོའི་བྱ་བ་དམ་འཛིན་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་མིག་སྔར་གྱི་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་བྱ་བར་བཀོད་སྒྲིག་བྱས།
མཚོ་ལྷོ་ཁུལ་གྱི་ཁུལ་དཔོན། ཁུལ་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི། ཅུའུ་ཀྲང་ཝང་ཡུང་ཝུའུ་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པར་སྒྲེང་ཡོད་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཏང་དང་རྒྱལ་ཁབ་ལས་དོན་གྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་སྤྱི་སྡོམ་བྱས་ཡོད་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ་སོགས་ཀྱི་ཆབ་སྲིད་ཆོད་གཏམ་གལ་ཆེན་བཏོན་ཡོད་པ་དང་། མ་ལག་རང་བཞིན་ལྡན་པའི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་འགྲེལ་བཤད་བྱས་ཡོད། དེ་མིན་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་བྱེད་ཕྱོགས་བཏོན་ཡོད་པ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རིག་གཞུང་གལ་ཆེན་དང་ལག་ལེན་གནད་དོན་རབ་དང་རིམ་པར་ལན་བཏབ་ཡོད་པར་མ་ཟད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་་ཆོད་པ་ལེན་པར་བཀོད་སྒྲིག་བྱས་ཡོད་པས་གཏིང་ཟབ་པའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཟེར།
ཝང་ཡུང་ཝུའུ་ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཆབ་སྲིད་ལས་འགན་དང་པོ་ཡིན། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་མགྱོགས་མྱུར་གྱིས་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ཏེ་རྒྱ་ཆེའི་མི་དམངས་ཉེན་རྟོག་པར་དུས་རིམ་རང་བཞིན་གྱི་འཐབ་ཇུས་བཀོད་སྒྲིག་གཉིས་དང་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་སོགས་ལ་རྒྱུས་ལོན་གཏིང་ཟབ་བྱེད་དུ་འཇུག་དགོས་པ་དང་། དོན་དངོས་དང་མཐུན་པའི་སྒོ་ནས་བསམ་བློ་དང་ངོས་ཟིན་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱེད་དགོས། འདུ་ཤེས་བཞི་ཇེ་དྲག་ཏུ་བཏང་སྟེ་ཐོག་མཐའ་བར་གསུམ་ཀུན་ཏུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་ཐུན་མོང་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པ་དེ་ཆབ་སྲིད་དང་གཞི་རྩའི་བླང་བྱར་བརྩིས་ཏེ་དམ་འཛིན་བྱེད་དགོས་པ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་བཏང་སྟེ་ཆབ་སྲིད་གོ་གནས་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན།