ཞིན་ཧེ་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་རྫོང་ཡོངས་ཀྱི་ཞིང་སྡེ་དང་གཞིས་ཁུལ་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེའི་འདེམས་བསྐོ་བྱ་བར་བདེ་འཇགས་འགན་སྲུང་བྱས།
2017.11.23 ཁུངས། ཀློག་གྲངས། 4

ཉེ་ཆར་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐིལ་ཕྱིན་བྱེད་པ་དང་ཞིང་སྡེ་དང་གཞིས་ཁུལ་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེའི་འདེམས་བསྐོ་བྱ་བ་ཁྱོན་ཡོངས་ནས་སྤེལ་བཞིན་པའི་སྐབས་འདིར། ཞིན་ཧེ་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་རང་འགན་དང་དུ་བླངས་ཏེ་རྫོང་ཁོངས་ཀྱི་ཞིང་དང་གྲོང་རྡལ་ཏང་ཨུ་ལ་གཞོགས་འདེགས་བྱས་ནས་རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ལ་འདེམས་བསྐོ་ཤེས་བྱ་ཁྱབ་སྒྲོག་བྱས་ཏེ། འདེམས་བསྐོ་བྱ་བར་བློ་འདོན་ཇུས་འབུལ་བྱས་པ་མ་ཟད། འབྲོང་ཐུ་ཞང་དང་ལུང་བཟང་ཞང་སོགས་ཀྱི་གཞི་རིམ་སྡེ་བ་ཁག་ལ་ཟབ་ཞུགས་བྱས་ཏེ་འདེམས་བསྐོ་སྲིད་ཇུས་སྒྲོག་སྤེལ་དང་རྩོད་ཟིང་མཐའ་འདུམ་བྱས་ནས་ཞིང་སྡེ་དང་གཞིས་ཁུལ་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེའི་འདེམས་བསྐོ་བྱ་བར་ཁོར་ཡུག་ལེགས་པོ་བསྐྲུན།