རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཆོས་ཕྱུག་རྒྱལ་དང་བཀྲ་ཤིས་འབུམ། བཀྲ་ཤིས་དོན་གྲུབ། སྟོབས་ལྡན་རྒྱལ་བཅས་ཀྱིས་བཀོད་པའི་གསར་འགྱུར།
ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་གྱིས་སྐབས་གསར་བའི་སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ནུས་ཇེ་མཐོར་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྡུས།
ཐེངས་འདིའི་གསོ་སྦྱོང་འཛིན་འཛིན་གྲྭའི་སྟེང་རྫོང་དམངས་སྲིད་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བདེ་མ་རིན་ཆེན་དང་མགོ་མང་གྲོང་རྡལ་གྱི་འགོ་གཙོ་བསམ་གཏན་སོགས་འབྲེལ་ཡོད་ལས་བྱེད་མི་སྣ་ཞུགས་པར་མ་ཟད། སྔ་གཞུག་ཏུ་གཏམ་བཤད་དེ་སྐབས་གསར་བའི་སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྣམས་ལ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ནུས་ཇེ་གཏོང་བའི་ཐད་ལ་རེ་བ་གསུམ་བཏོན། གཅིག བསླབ་གཞི་གལ་ཆེན་གདམ་ནས་འཆད་ཁྲིད་དང་གསོ་སྦྱོང་བྱེད་དགོས། གསར་དུ་བདམས་པའི་སྡེ་བ་སོ་སོའི་ཧྲུའུ་ཅི་རྣམས་ཀྱིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཆེན་ཐེངས་བཅུ་དགུ་པའི་དངོས་ཡོད་དོན་སྙིང་དང་ལོ་རྒྱུས་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། རང་རང་གི་ལས་གནས་གསར་བའི་སྟེང་འགན་ནུས་ལག་བསྟར་ནན་མོ་བྱེད་དགོས་ལ། སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཡི་དོན་དངོས་དང་སྦྲེལ་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་། རྒྱུན་སྲོལ་སྡེ་དོན་དོ་དམ། འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ། སྡེ་སྐྱོང་བྱེད་ཐབས་གསར་བ་སོགས་ཀྱི་ཐད་བྱ་བ་གང་མང་བསྒྲུབ་དགོས་པར་མ་ཟད། ཏང་གི་གཞི་རིམ་རྩ་འཛུགས་ལ་ཤུགས་སྣོན་པ་དགོས་པ་དང་སྐབས་གསར་བའི་ཧྲུའུ་ཅི་བཟང་པོ་ཞིག་བྱེད་དགོས། གཉིས། ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་དགོས། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཧྲུའུ་ཅི་གསར་བ་རྣམས་ཀྱིས་ཕན་ཚུན་བར་བསམ་བློ་བརྗེ་རེས་བྱེད་པར་བསྐྲུན་པའི་སྟེགས་བུ་ཞིག་ཡིན་ལ། སྡེ་བའི་འགོ་ཁྲིད་ཚན་ཚུང་གིས་སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། མགྱོགས་མྱུར་ངང་བྱ་བར་རྒྱུས་མངའ་ཡོད་པར་བྱེད་པ། བྱ་བའི་ཉམས་མྱོང་བཅས་ཇེ་མཐོར་བཏང་ནས་རྗེས་ཕྱོགས་ཀྱི་བྱ་བར་རྨང་གཞི་བརྟན་པོ་ཞིག་འདིང་དགོས། གསུམ། དཔེ་སྟོན་ནུས་པ་འདོན་དགོས། མགོ་མང་གྲོང་རྡལ་ཡོངས་ནས་ཞབས་ཞུའི་ནུས་པ་འབུར་དུ་བཏོད་ནས་རྨང་གཞི་ལེགས་ཤིང་ཁྱད་ཆོས་ཅན་གྱི་ཏང་ཀྲི་པུའུ་ཡི་དཔེ་སྟོན་ནུས་པ་འདོན་པར་སྐུལ་འདེད་གཏོང་པ་དང་། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སོ་སོས་ཏང་གི་སྒྲིག་ཡིག་གསར་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ཁྲོད་ཀྱི་རོང་འབྲོག་མང་ཚོགས་ལ་བཏོན་པའི་སྲིད་ཇུས་གསར་བ་དུས་ལྟར་སྒྲོག་པ། ཏང་ཡོན་གྱི་འགན་འཁྲི་ལག་བསྟར་བྱས་ནས་ཡང་དག་པའི་ཏང་འཛུགས་སྐྲུན་ཐད་ཧུར་བརྩོན་བྱེད་དགོས་པ་བཅས་རེད།
མགོ་མང་གྲོང་རྡལ་གྱི་སྐབས་གསར་བའི་སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ནུས་ཇེ་མཐོར་གཏོང་བའི་གསོ་སྦྱོང་འཛིན་གྲྭ
མགོ་མང་གྲོང་རྡལ་གྱི་འགོ་གཙོ་བསམ་གཏན་གྱིས་གསོ་སྦྱོང་འཛིན་གྲྭར་འགོ་འཛིན་བྱེད་བཞིན་པ།
ནན་ཏན་གྱིས་ཟིན་བྲིས་འདེབས་བཞིན་པའི་ཚུལ།