ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་ཁྲོད་གནས་པའི་གནད་དོན་ཐག་གཅོད་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བྱ་བའི་གནས་ཚུལ་ལ་དམིགས་ནས། གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག་གི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ལེགས་བསྒྱུར་བྱས་ཏེ། སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་གོང་བུར་སྒྲིལ་ཤུགས་དང་འཐབ་རྩོད་ནུས་ཤུགས་ཇེ་དྲག་ཏུ་བཏང་།
ཁྲི་ཀ་རྫོང་གི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱེད་པ་དང་ཚད་ལྡན་དུ་གཏོང་ཞོར་དུ་མཐོར་འདེགས་གཏོང་བའི་རྩ་དོན་ལྟར། ཏང་ཀྲི་པུའུ་བཅོ་བརྒྱད་ལ་གཞུང་སྒྲུབ་སྒྲིག་ཆས་ཉོ་སྒྲུབ་བྱས་པ་དང་། ཏང་རྩ་འཛུགས་ཀྱི་སྒོ་བྱང་འགེལ་བ་དང་དྲིལ་སྒྲོག་བྱེད་ས་སོགས་ལས་ནས། ཏང་རྩ་འཛུགས་ཀྱི་བྱ་འགུལ་ཐད་ཀྱི་གཞི་རྩའི་དགོས་མཁོ་ལ་འགན་སྲུང་བྱས། དེ་དང་མཉམ་དུ། ཏང་ཀྲི་པུའུ་རེ་རེའི་སློབ་སྦྱོང་འཆར་གཞི་བཟོས་པ་དང་། ངེས་པར་དུ་སྦྱོང་དགོས་པའི་ནང་དོན་གཏན་ཁེལ་བྱས་ནས། ཁེས་ལས་ཀྱི་ལས་བཟོ་བ་ཡོངས་ཀྱིས་སློབ་སྦྱོང་བཟང་བོ་བྱེད་པའི་རྨང་གཞིའི་སྟེང་། ཏང་འཛུགས་སྐད་འཕྲིན་ཚོགས་པ་སོགས་སྟེགས་བུ་གསར་བ་བེད་སྤྱད་དེ། སློབ་སྦྱོང་ར་བ་འཛུགས་པ་དང་སློབ་སྦྱོང་བགྲོ་གླེང་སྤེལ་བར་རྩ་འཛུགས་བྱེད་པ། མི་དམངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པ། འབྲེལ་ཡོད་གནས་ཚུལ་ལ་ལན་འདེབས་པ་དང་ཆ་འཕྲིན་ཕྱིར་སྒྲོག་བྱེད་པ་བཅས་བྱས།
སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རང་འགུལ་གྱིས་རྫོང་ཏང་ཨུའི་རྩ་འཛུགས་པུའུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་རྫོང་ཐད་གཏོགས་སྡེ་ཁག་གི་ཏང་ཡོན་ལས་བྱེད་པ་དང་འབྲེལ་འདྲིས་བྱས་པ་དང་། ཁེ་ལས་སུ་སོང་ནས་ཏང་ཀྲི་པུའུ་སོ་སོས་གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག་གི་བྱ་འགུལ་ཧྲིལ་བོར་སྣེ་ཁྲིད་བྱས་ནས། ཏང་ཀྲི་པུའུ་ཡིས་བྱ་བར་གྲོས་བསྡུར་བྱེད་པ་དང་། གྲོས་ཚོགས་ཀྱི་རིམ་པ། ཐག་གཅོད་གལ་ཆེན་ཐད་ཀྱི་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་པ་དང་། ཏང་ཀྲི་པུའུ་སོ་སོའི་བྱ་བའི་ཆུ་ཚད་དང་ནུས་པ་མཐོར་འདེགས་བྱས་པ་མ་ཟད། ཁེ་ལས་ཀྱི་རྫོང་རིམ་པའི་ཏང་ཡོན་མགོ་ཁྲིད་དང་ལས་བྱེད་པ། རྫོང་གི་སྤྱི་དབང་ལམ་ལུགས་མ་ཡིན་པའི་ཏང་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཏང་ཀྲི་པུའུ་ཧྲུའུ་ཅི། ཕུལ་བྱུང་ཏང་ཡོན། སྔོན་ཐོན་བྱ་བ་སྒྲུབ་མཁན་སོགས་ཕྱོགས་ལྔའི་ཐད་ནས་ཏང་གི་སློབ་ཁྲིད་བྱེད་པ་དང་། ཁེ་ལས་སུ་ཏང་གི་སློབ་ཁྲིད་བཀོད་སྒྲིག་བྱེད་པའི་བྱ་འགུལ་སྤེལ་བ་དང་། ཡིག་ཆའི་དགོངས་དོན་འགྲེལ་ཀློག་བྱེད་པ་དང་ཕན་ཚུན་བར་འཚམས་འདྲི་བྱེད་པ་སོགས་ཀྱི་རྣམ་པ་སྣ་མང་སྤྱོད་པ། ཡིག་ཆར་ཟུང་འབྲེལ་བྱས་ནས་ལོ་རྒྱུས་གླེང་བ་དང་། ལོ་རྒྱུས་ལ་ཟུང་འབྲེལ་བྱས་ཏེ་ཆབ་སྲིད་གླེང་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བཟོ་བས་ཏང་གཤིས་སློབ་གསོ་དང་ལེན་བྱེད་དུ་བཅུག་པ་མ་ཟད། སློབ་སྦྱོང་གི་སྣང་ཚུལ་བཟང་བོ་གྲུབ་པ་དང་ཏང་གི་སློབ་ཁྲིད་ཀྱི་འགུག་ཤུགས་ཇེ་དྲག་ཏུ་བཏང་།
དེ་ལས་གཞན། གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག་གི་ལམ་ལུགས་དང་དུས་ཆེན་གལ་ཆེན་གྱི་རྗེས་དྲན་བྱ་འགུལ་གཉིས་ཟུང་འབྲེལ་བྱས་པ་དང་། གསར་བརྗེའི་རྟེན་གཞིའི་གསར་བརྗེའི་སློབ་གསོ་སྤེལ་བ་དང་ཏང་ནང་ཞུགས་སྐབས་དམ་བཅའ་འཇོག་པའི་བྱ་འགུལ་སྤེལ་བ། ཉེན་བརྡའི་སློབ་གསོ་རྟེན་གཞི་ལ་ལྟ་སྐོར་བྱེད་པ། དབུལ་ཕོངས་ཏང་ཡོན་དང་ཏང་ཡོན་རྒན་པར་འཚམས་འདྲི་བྱེད་པ་སོགས་བྱ་འགུལ་སྤེལ་ནས། ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱིས་གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག་བཟང་བོར་སྤེལ་བར་སྐུལ་འདེད་བཏང་།