རྨ་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་དང་།ཕྱོགས་ཡོངས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་ལེན་མཐར་ཕྱིན་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་འཚོ་བ་བདེ་སྐྱིད་ལྡན་པ། སྐྱེ་ཁམས་དཔལ་ཡོན། སྤྱི་ཚོགས་འཆམ་མཐུན་གྱི་ཕྱོགས་སུ་ནུས་ཤུགས་བཏོན་བཞིན་ཡོད།རྨ་ཆུ་རྫོང་གི་དམངས་ཕན་ཁོར་ཡུག་གཙང་སྦྲ་ཚོགས་པ་ནི་དབལ་བན་ཚང་ཞང་གི་འབྲོག་པ་ཕོ་མོ60ལྷག་གི་གྲུབ་ཞིང2014ལོར་བཙུགས་པ་ཡིན།ཁོ་ཚོའི་མ་སྐུལ་དང་བླངས་ཀྱི་སྒོ་ནས༼མཛེས་སྡུག་གི་རི་ཆུ་ནི་གསེར་དངུལ་གྱི་རི་བོ་དང་གཉིས་སུ་མ་མཆིས༽ཞེས་པའི་འདུ་ཤེས་བསྐྲུན་ཞིང་།རང་བྱུང་ཁམས་ལ་དགའ་ཞེན་དང་།རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱས་ནས་ཕ་ས་སྨུག་པོ་ང་ཡི་ཁྱིམ་ཡིན་ཞེས་པའི་འདུ་ཤེས་ཆགས་ཡོད།
ཚོགས་པ་འདིའི་བྱ་བ་གཙོ་བོ་ནི་ཁོར་ཡུག་གཙང་སྦྲ་བྱེད་རྒྱུ་ཡིན་དེ་ཡིན།ཚོགས་པ་འདིར་ཞུགས་པའི་ཚོགས་མི་རྣམས་པས་སྤྱི་ཚོགས་ལ་ཡར་སྐུལ་གྱིས་ནུས་པ་ཐོན་ཆེད་ཚོགས་མི་སོ་སོའི་དུ་བ་མི་འཐེན་པ།ཆང་མི་འཐུང་བ།ཤོ་མི་རྒྱག་པ།བརྐུ་མི་བྱེད་པ།ཆེ་བཀུར་ཆུང་བྱམས་དམ་བཅས་ནས་རང་འགུལ་རང་རྟོགས་ཀྱིས་ཁོར་ཡུག་གི་གད་སྙིགས་འཐུ་བའི་ཀུན་སློང་དེ་ལག་ལེན་དུ་བཏབ་ནས་ལོ་གསུམ་གྱི་རིང་ལ་རང་ནུས་ཅི་ལྕོགས་ཀྱིས་རྨ་ཆུང་རྫོང་གི་ཁོར་ཡུག་གཙང་སྦྲར་དམིགས་ནས་ལག་ལ་འགྱིག་ཤོག་ཆེན་པོ་རེ་བཟུང་དབྱར་དགུན་མེད་པར་ཆུ་འགྲམ།ལམ་འགྲམ།གྲོང་སྡེའི་སྲང་ལམ་སོགས་གད་སྙིགས་མང་པོ་ཡོད་པའི་སར་སོང་ནས་གད་སྙིགས་སོགས་གཙང་སྦྲ་བྱས།
ད་ལྟ་མི་གཞན་གྱིས་ཀྱང་ཁོ་ཚོའི་སྤྱི་ཕན་ལས་དོན་ལ་ཡི་རང་བྱས་ནས་གྲས་སུ་ཞུགས་ནས་གད་སྙིགས་འཐུ་བའི་དཔུང་སྡེ་ཇེ་མང་དུ་སོང་ཡོད་ལ། ཁོ་ཚོ་ཚང་མའི་སྟོབས་ཤུགས་དང་ཤན་ཤུགས་ཀྱིས་དབལ་བན་ཚང་ཞང་གི་ཁོར་ཡུག་གཙང་སྦྲའི་འདུ་ཤེས་ཀྱང་ཇེ་བཟང་དུ་སོང་ཡོད་པ་དང་།ད་ལྟ་གད་སྙིགས་ཇེ་ཉུང་དུ་སོང་ཡོད་ལ་རྩྭ་ཐང་ཡང་ཇེ་ཡག་ཏུ་གྱུར་འདུག ཚོགས་གཙོ་ཡུམ་སྐྱབས་ཀྱིས་བཤད་རྒྱུར༼ཐོག་མར་ང་ཚོའི་ཆུ་འགྲམ་དང་ཆུ་ནང་དུ་ཡོད་པའི་ཞོར་ཟས་དང་འགྱིག་ཤོག་གོན་པ་རྙིང་བ།ལྷམ་ཐེད་པོ་སོགས་མི་གཙང་བའི་རིགས་ཆུའི་ནང་དུ་ལྷུང་ཡོད་པ་རྣམས་འཐུས་པ་དང་།འཐུང་ཆུ་མི་གཙང་བར་འགྱུར་ན་མི་ཕྱུགས་ཀྱི་བདེ་ཐང་ལ་གནོད་པ་མ་ཟད་ཆུ་ནང་གི་སྲོག་ཆགས་མང་པོའི་ཚེ་སྲོག་ཡང་ཤོར་འགྲོ་བཞིན་ཡོད།༽
དབལ་བན་ཞང་གི་སྲང་ལམ་ལ་ཐོན་པ་ན་མིག་ལམ་དུ་མངོན་པ་ནི་གཙང་ཞིང་གྲ་དག་པའི་སྲང་ལམ་དང་།གྲལ་ལྟར་སྒྲིག་པའི་སྡོད་ཁང་སོགས་ཡིན། རྨ་ཆུ་རྫོང་གི་གྲོང་རྡལ་གྱི་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་སྒྲིག་བཅོས་ཀྱི་བྱ་བ་སྤེལ་བ་ནས་བཟུང་།དུས་ཐོག་ཏུ་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲར་ཕྱོགས་བསྡུས་སྒྲིག་བཅོས་བྱེད་པའི་ཡུལ་དངོས་ལྟ་སྦྱོང་དང་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་རབ་དང་རིམ་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་།ནན་སྒོས༼ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་སྒྲིག་བཅོས་བྱ་བའི་ཚད་གཞི༽སོགས་ཁོར་ཡུག་གཙང་སྦྲའི་ཕྱོགས་ལ་གྲུབ་འབྲས་ལེགས་པོ་ལོན་ཡོད།༼
ཁོར་ཡུག་གཙང་སྦྲ་བྱེད་བཞིན་པ།
ཁོར་ཡུག་ལ་གཙང་སྦྲ་བྱེད་བཞིན་པ།
ཁོར་ཡུག་གཙང་སྦྲ་བྱེད་བཞིན་པ།
ཁོར་ཡུག་གཙང་སྦྲ་ཚོགས་པའི་ཚོགས་མི་ལྷན་རྒྱས།
ཀན་ལྷོ་ཁུལ་རྨ་ཆུ་རྫོང་ནས་འབྱོར་བའི་གསར་འགྱུར། གསར་འགོད་པ། ལྷ་མོ། གུ་རུ།