ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གིས་དཔྱད་ཞིབ་གཏན་འབེབས་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་དཔྱད་ཞིབ་མཇུག་འབྲས་ཕུལ་བྱུང་ཡིན་པའི་གྲོང་རྡལ་ལྔ་ལ་སོ་སོར་སྒོར་ས་ཡ་བདུན་རེའི་བྱ་དགའ་སྟེར་རྒྱུ་རེད།
ཞིང་ཆེན་མཛེས་པའི་མཁར་གྲོང་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གིས་རྩ་འཛུགས་དོ་དམ་དང་ལས་གཞི་ལག་བསྟར། ཕྱི་རྣམ་གསར་སྐྲུན། ཁོར་ཡུག་བཅོས་སྐྱོང་། མ་དངུལ་དོ་དམ། རྒྱུ་སྤུས་བདེ་འཇགས་བཅས་ཕྱོགས་བདུན་ཐད་ནས་ཕྱོགས་བསྡུས་དཔྱད་ཞིབ་བྱས་པ་བརྒྱུད། ཏ་ཐུང་ཧོས་རིགས་རང་སྐྱོང་རྫོང་ཁྲིན་ཀོན་གྲོང་རྡལ་དང་གཅན་ཚ་རྫོང་ཁང་དབྱང་གྲོང་རྡལ། ཕེན་ཨན་ཆུའུ་སན་ཧི་གྲོང་རྡལ། ཏུའུ་ལན་རྫོང་ཤངས་སྡེ་གྲོང་རྡལ། ཁྲི་འདུ་རྫོང་འདམ་མདའ་གྲོང་རྡལ་བཅས་ཕུལ་བྱུང་གྲོང་རྡལ་དུ་བདམས་པ་དང་། དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་དང་། ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ། ཝུའུ་ལན་རྫོང་ཁུ་ཁུ་གྲོང་རྡལ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནན་མིན་ཞ་གྲོང་རྡལ། ཧོང་ཀྲུང་རྫོང་ལི་ཅ་ཧྲན་གྲོང་རྡལ་བཅས་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱས་པ་ཅུང་བཟང་བའི་གྲོང་རྡལ་དུ་བདམས།
ཡར་ཐོན་ལ་བྱ་དགའ་སྟེར་བ་དང་རྗེས་ལུས་ལ་སྐུལ་ལྕག་གཏོང་ཆེད། ཞིང་ཆེན་མཛེས་པའི་མཁར་གྲོང་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གིས་ལྷག་མའི་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་ལྔ་དེ་དཔྱད་ཞིབ་མཇུག་འབྲས་ཕུལ་བྱུང་ཡིན་པའི་གྲོང་རྡལ་ལྔ་དང་དཔྱད་ཞིབ་མཇུག་འབྲས་ཅུང་བཟང་བའི་གྲོང་རྡལ་ལྔ་ལ་སོ་སོར་སྒོར་ས་ཡ་བདུན་དང་ས་ཡ་གསུམ་གྱི་ཚད་གཞི་ལྟར་བྱ་དགའ་སྟེར་རྒྱུ་རེད།