ཉེ་ལམ་རྨ་ལྷོ་ཁུལ་གྱིས་འཇོན་ཐང་མི་སྣའི་སྔོན་ཐོན་ཕྱོགས་བསྡུས་དང་ཕུལ་བྱུང་འཇོན་མིའི་མིང་ཐོག་ནས་འཇོན་མི་སྐོར་ཞིག་ལ་གཟེངས་བསྟོད་བྱ་དགའ་གནང།
2017.12.04 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 6

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཇོན་ཐང་མི་སྣའི་འཕེལ་རྒྱས་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། སྟོབས་དང་ལྡན་པའི་འཇོན་ཐང་མི་སྣའི་འཐབ་ཇུས་དངོས་འབེབ་བྱས་ནས། སྒྲིག་སྲོལ་ལེགས་བཅོས་བྱས་ནས། ཉེ་ལམ་རྨ་ལྷོ་ཁུལ་གྱིས་འཇོན་ཐང་མི་སྣའི་སྔོན་ཐོན་ཕྱོགས་བསྡུས་དང་ཕུལ་བྱུང་འཇོན་མིའི་མིང་ཐོག་ནས་འཇོན་མི་སྐོར་ཞིག་ལ་གཟེངས་བསྟོད་བྱ་དགའ་གནང།

ཉེ་བའི་ལོ་འགའ་ལ། རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཚད་མཐོན་པོས་འཇོན་ཐང་མི་སྣའི་བྱ་བ་ལ་ཐུགས་འཁུར་བྱས་ནས། སྔ་གཞུག་ཏུ་འཇོན་མིའི་འཕེལ་རྒྱས་ཁྲོད་ཀྱི་འཆར་འགོད་རྩ་འཛིན་དང་། འཇོན་མི་ནང་འདྲེན་དང་རིག་སྟོབས་བྱ་བའི་གནས་སྐབས་སྒྲུབ་ཐབས། ཕུལ་བྱུང་འཇོན་མིའི་དཔྱད་བསྡུར་ཐབས་ལམ་སོགས་སྲིད་ཇུས་ཡིག་ཆ་འག་གཏན་འཁེལ་བྱས་ཏེ། བཟོ་བཀོད་བརྒྱད་ལྷག་གི་མཐའ་སྐོར་ནས་ཞིང་ལས་དང་སློབ་གསོ། འཕྲོད་བསྟེན། ཚན་རྩལ་བཅས་ཀྱི་སྟེང་ལ་ཆེད་ལས་ལག་རྩལ་མི་སྣ་མི་ཐེངས་ཁྲི་གསུམ་ལྷག་གསོ་སྦྱོང་དང། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་སུམ་བརྒྱ་ལྷག་ནང་འདྲེན་བྱས་ནས་རྨ་ལྷོ་ལ་ཞབས་འདེགས་ཞུ་རུ་བཅུག དུས་མཉམ་དུ་ཁུལ་གྱིས་མི་འགྱངས་པར་ལག་བསྟར་བྱ་རྒྱུ་ཡིན་པའི་འཇོན་མིའི་འཕེལ་རྒྱས་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་པའི་བྱེད་ཐབས་འགའ་ཞེས་པ་དང་། ཏང་སྲིད་འགོ་བས་ཞབས་ཞུའི་འཇོན་མི་ལ་འབྲེལ་བ་བྱེད་པའི་ལག་བསྟར་ཐབས་ལམ་ཞེས་པ་དངོས་འབེབ་བྱས་ཏེ། ཤུགས་ཆེན་པོས་འཇོན་མིའི་བྱ་བ་འཕེལ་རྒྱས་སུ་གཏོང་པར་སྐུལ་འདེད་བཏང་།

ཐེངས་འདིར། རྨ་ལྷོ་ཁུལ་རང་ཞིང་གི་སྐབས་གཉིས་པའི་མཐོ་རིམ་འཇོན་མི་སྐྱེད་བསྲིང་བྱེད་པའི་འཆར་གཞིའི་ཁྲོད་དུ་སྣེ་ཁྲིད་པའི་གྲས་སུ་བདམས་ལ། འཇོན་མིའི་སྔོན་ཐོན་བྱ་བ་ཕྱོགས་བསྡུས་ཀྱི་སྟེང་ནས་མི་དྲུག་དང་ཕུལ་བྱུང་འཇོན་མི་བཅུ་བཞི་ལ་གཟེངས་བསྟོད་རྟགས་མ་གནང།