མཚོ་སྔོན་ཞིང་ཆེན་གྱི་ན་གོར་མོ་གྲོང་ཁྱེར་དང་གཏེར་ལེན་ཁ་གྲོང་ཁྱེར་གཉིས་རྒྱལ་ཁབ་ཀྱི་སྐོར་གསུམ་པའི་ཉི་འོད་ནུས་པའི་གློག་འདོན་སྣེ་ཁྲིད་རྟེན་གཞིར་བདམས།
2017.12.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཉེ་ལམ། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་ཉིས་སྟོང་བཅུ་བདུན་ལོའི་ཉི་འོད་ནུས་པའི་གློག་འདོན་སྣེ་ཁྲིད་རྟེན་གཞི་དང་ལག་རྩལ་སྣེ་ཁྲིད་རྟེན་གཞིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་མཚོ་སྔོན་ཞིང་ཆེན་གྱི་ན་གོར་མོ་གྲོང་ཁྱེར་དང་གཏེར་ལེན་ཁ་གྲོང་ཁྱེར་གཉིས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་ཀྱིས་ཉི་འོད་ནུས་པའི་གློག་འདོན་བཀོལ་སྤྱོད་དང་ལག་རྩལ་སྣེ་ཁྲིད་རྟེན་གཞི་ཡིག་ཐོག་སྙན་ཞུ་བྱེད་པའི་བྱ་བ་སྤེལ་བ་དང་སྔོན་ཐོན་ལག་རྩལ་གྱི་ཉི་འོད་ནུས་པའི་གློག་འདོན་དཔེ་སྟོན་རྟེན་གཞི་དང་ལག་རྩལ་གསར་པ་བཀོལ་སྤྱོད་བྱེད་པའི་དཔེ་སྟོན་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་རྗེས་ལུས་ཀྱི་ཐོན་ནུས་ཕྱིར་འདོར་བ་དང་ཁྱད་འཕགས་ལག་རྩལ་བསྐྱར་འཛུགས་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས།

སྣེ་ཁྲིད་རྟེན་གཞི་ནི་སྔོན་ཐོན་ལག་རྩལ་དེ་ཕུལ་བྱུང་དཔྱད་བསྡུར་བྱེད་པའི་ཚད་གཞིར་བརྩིས་ནས་ལག་རྩལ་དང་དོ་དམ། གློག་གི་རིན་ཐང་སོགས་ཕྱོགས་མང་པོའི་ཐད་ནས་ཆེས་བཟང་བོའི་ཁེ་ལས་དངུལ་གཏོང་ལ་སྐུལ་མ་གཏོང་བ་དང་། ཁྲོམ་རས་བཀོད་སྒྲིག་བྱས་པའི་ནུས་ཁུངས་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་བརྒྱུད་ནས་ཉི་འོད་ནུས་པའི་ཐོན་རྫས་ཁྲོམ་རར་ཞུགས་པའི་ཚད་གཞི་མཐོར་འདེགས་གཏོང་བ་དང་ལག་རྩལ་ཡར་ཐོན་དང་ཐོན་ལས་ཚུལ་སྒྱུར་སོགས་ལ་རིམ་བཞིན་སྐུལ་འདེད་བཏང་ནས་རང་རྒྱལ་གྱི་ཉི་འོད་ནུས་པའི་ཐོན་ལས་མགྱོགས་མྱུར་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རྟེན་གཞི་ཞིག་ཡིན།