རྨ་ཆུ་རྫོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱས་པ།
2017.12.05 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 6

ཉེ་ཆར་རྨ་ཆུ་རྫོང་གི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་དོན་འཁྱོལ་བྱ་ཆེད་དང་། རྨ་ཆུ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཆེད་དུ་ལས་ཁུངས་སོ་སོའི་ནང་ནས་མི་སྣ་རྩ་འཛུགས་བྱས་ཏེ་སྒྲོག་འགྲེལ་ཚོགས་པ་བཙུགས།

སྒྲོག་འགྲེལ་ཁྲོད་ཚོ་ཆུང་བགོས་ནས་རྫོང་གི་ཞང་སོ་སོ་དང་གྲོལ་རྡལ། ལས་ཁུངས་སོ་སོ་ཏང་གི་ཚོགས་ཆེན་དགུ་བཅུ་བའི་དགོངས་དོན་རྫོང་ཡོངས་ཀྱི་ཁྱིམ་ཚང་རེ་རེ་དང་མི་རེ་རེའི་སེམས་ལ་ངེས་བར་བྱས། སྒྲོག་འགྲེལ་བྱ་འགུལ་སྣ་འཛོམས་ཅན་དུ་གཏོང་ཆེད་རྫོང་འབྲོང་རྭའི་སྒྲ་སྙན་འཁྲབ་སྟོན་སྒྱུ་རྩལ་ཀུང་སིའི་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་བྱས་ཤིང་། རྫོང་འཕྲོད་བསྟེན་ཁང་གི་ནད་པར་སྨན་སྦྱིན་བཏང་། སྒྲོག་འགྲེལ་ཚོགས་པའི་གོ་སླ་ཞིང་གསོན་ཉམས་ལྡན་པའི་དཔེར་བརྗོད་ཀྱི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྗོད་དོན་གཙོ་བོ་དང་། ཚོགས་ཆེན་བཅུ་དགུ་བའི་བརྗོད་དོན་དང་གྲུབ་འབྲས་གཙོ་བོ།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བ། རང་རྒྱལ་སྤྱི་ཚོགས་ཀྱི་འགྱུར་ལྡོག ལོ་བརྒྱ་ཕྲག་གཉིས་ཀྱི་འབད་བརྩོན་དམིགས་འབེན་གྱི་འཐབ་ཇུས་བཀོད་སྒྲིག རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག  བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ནན་མོར་ཏང་སྐྱོང་བར་སྐུལ་འདེད་གཏོང་བ། ཏང་གི་ཚོགས་ཆེན་བཅུ་དགུ་བས་བསམ་བློ་གསར་བ་དང་ཆོད་གཏམ་གསར་བ། བླང་བྱ་གསར་བ། ལས་འགན་གསར་བ་བཅས་ཕྱོགས་ནས་གཏིང་ཟབ་སྒོས་འགྲེལ་བཤད་བྱས་ཤིང་། ལྷག་པར་དུ་བོད་ཁུལ་གྱིས་དཔལ་འབྱོར་རིག་གནས་སོགས་གནས་བབ་དང་སྲིད་ཇུས་གལ་ཆེན་རེ་རེ་བཞིན་གསལ་བཤད་བྱས།

ཐེངས་འདིའི་སྒྲོག་འགྲེལ་ཁྲོད། རྫོང་ཨུའུ་དྲིལ་སྒྲོག་པུའུ་ཡིས༼རྨ་ཆུ་རྫོང་གི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་དང་དྲིལ་སྒྲོག་ཡིག་ཆ༽ ཞེས་པའི་ཚོགས་ཆེན་གྱི་དགོངས་དོན་ཡིག་ཆ་དང་སློབ་སྦྱོང་ཟུར་ཁྲིད་ཀློག་དེབ་500ལྷག་རྒྱ་ཆེའི་འབྲོག་པ་དང་ལས་བྱེད་པ་རྣམས་ཀྱི་མཐོང་ལམ་དུ་ཕུལ། གཞི་རིམ་གྱི་འབྲོག་པ་མང་ཚོགས་རྣམས་ཀྱིས་མགྲིན་གཅིག་ཏུ།༼ཐོག་མཐའ་བར་གསུམ་དུ་ཏང་གི་རྗེས་སུ་འབྲངས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་ལ་དྲིན་གཟོ་ཞུ་བ་བཅས་བྱས་ཏེ། ང་ཚོའི་འཚོ་བ་འབྱོར་ཕྱུག་ལྡན་པའི་རེ་བ་བཅངས་ཡོད་ཟེར།༽རྨ་ཆུ་རྫོང་གི་ཁེབས་རྒྱ་ཆེ་བའི་སྒྲོག་འགྲེལ་བྱ་འགུལ་འདིས་རྫོང་ཡོངས་ཀྱི་སྡེ་ཁག་སོ་སོ་དང་། ལས་བཟོ་བ། འབྲོག་པ་མང་ཚོགས། ཁེ་ལས། སློབ་གྲྭ་སོགས་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་བཏང་ཡོད། 

IMG_十九大代表田霞1.jpg

ཏང་གི་ཚོགས་ཆེན་བཅུ་དགུ་བའི་འཐུས་མི་ཐེན་ཞ།

IMG_省委宣讲组 吴晓军2.jpg

ཀན་སུའུ་ཞིང་ཆེན་གྱི་སྒྲོག་འགྲེལ་པ་བོའུ་ཞོ་ཅོན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།

IMG_州委宣讲组加央加老师.jpg

 ཀན་ལྷོ་ཁུལ་ཨུའི་སྒྲོག་འགྲེལ་པ་འཇམ་དབྱངས་སྐྱབས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།

县委书记王力宣讲党的十九大精神4.jpg

རྨ་ཆུ་རྫོང་ཏང་ཨུའི་ཧྲུའུ་ཅི་བང་ལི་ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།

IMG_玛曲县委宣传部措白部长.jpg

རྨ་ཆུ་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་མཚོ་བྷེའི་ཉིན་མ་གྲོལ་རྡལ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།

IMG_6.jpg

ཚོགས་རའི་ཡུལ་དངོས།

IMG_5302.jpg

རྫོང་འཕྲོད་བསྟེན་ཁང་གིས་ནད་པར་སྨན་སྦྱིན་པ་གཏོང་བཞིན་པ།

IMG_5307.jpg

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། དྲིལ་སྒྲོག  ལག་བསྟར་དོན་འཁྱོལ་བྱེད་བཞིན་པ།

IMG_5308.jpg

ཚོགས་རའི་ཡུལ་དངོས།

IMG_牛角琴演员.jpg

འབྲོང་རྭའི་སྒྲ་སྙན་འཁྲབ་སྟོན་སྒྱུ་རྩལ་ཀུང་སིའི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

ཀན་ལྷོ་ཁུལ་རྨ་ཆུ་རྫོང་ནས་འབྱོར་བའི་གསར་འགྱུར། གསར་འགོད་པ། ལྷ་མོ།