མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་ཏང་ཀྲི་པུའུ་ཡིས«ཏང་གི་སྒྲིག་ཡིག»གསར་པ(བོད་འགྱུར་མ)སྟེར་བའི་མཛད་སྒོ་པདྨ་རྫོང་གསེར་ལེ་ཐང་གྲོང་རྡལ་ནས་བསྡུས།
2017.12.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 13
རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཨ་བརྟན་རྒྱལ་དང་ཚེ་རིང་བཀྲ་ཤིས། རྟ་མགྲིན་སྐྱབས་གསུམ་གྱིས་བཀོད་པའི་གསར་འགྱུར།
          མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་ཏང་ཀྲི་པུའུ་ཡིས«ཏང་གི་སྒྲིག་ཡིག»གསར་པ(བོད་འགྱུར་མ)སྟེར་བའི་མཛད་སྒོ། སྤྱི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གསེར་ལེ་ཐང་གྲོང་རྡལ་ནས་བསྡུས། གསེར་ལེ་ཐང་གྲོང་རྡལ་གྱི་སྡེ་བ་གསུམ་གྱི་ཏང་ཡོན་དང་ཁོར་སྲུང་པ་བཅས་བསྡོམས་པས་མང་ཚོགས་བརྒྱ་དང་དྲུག་ཅུ་ལྷག་ཚོགས་འདུར་ཞུགས་པ་དང་། གསེར་ལེ་ཐང་གྲོང་རྡལ་གྱི་ཧྲུའུ་ཅི་ལིས་ཁྲོན་ཧྲིན་གྱིས«ཏང་གི་སྒྲིག་ཡིག»གསར་པ(བོད་འགྱུར་མ)སྟེར་བའི་མཛད་སྒོར་མགོ་འཛིན་བྱས་པར་མ་ཟད།  ཁོས་ཚོགས་རའི་ཡུལ་དངོས་ནས་གསེར་ལེ་ཐང་གྲོང་རྡལ་གྱི་སྡེ་བ་གསུམ་གྱི་སྡེ་མི་ཡོངས་ཀྱི་ཚབ་བྱས་ནས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་ཏང་ཀྲི་པུའུ་ཡིས«ཏང་གི་སྒྲིག་ཡིག»གསར་པ(བོད་འགྱུར་མདེབ་གྲངས་བརྒྱ་ལྷག་བྱིན་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས། མགོ་ལོག་ཁུལ་ཏང་ཨུའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། པདྨ་རྫོང་ཏང་གི་སློབ་གྲྭའི་རྒྱུན་ལས་སློབ་གཙོ་གཞོན་པ་འབྲུག་རྒྱལ་ཚེ་རིང་གིས«ཏང་གི་སྒྲིག་ཡིག»གསར་པ(བོད་འགྱུར་མ)ཡི་དགེ་མཚན་དང་ནང་དོན་གོ་སླ་བའི་ངང་ནས་རགས་འབྲེལ་བྱས་པར་ཚོགས་ཞུགས་ཏང་ཡོན་དང་མང་ཚོགས་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ།
      མདོག་གསུམ་པདྨའི་ཡུལ་གྲུ་ཀུན་ཏུ། ཁ་བའི་ཁྲོད་ཀྱི་དགུན་འཁྱག་གི་གྲང་ངར་ཤིན་ཏུ་རྒོད་ནའང་།  ཏང་གི་ཚོགས་ཆེན་བཅུ་དགུ་པས་བསྐྱལ་འོང་པའི་དུས་རབས་གསར་བའི་སྲིད་ཇུས་གསར་བ་དང་དགོངས་དོན་གསར་པས་མང་ཚོགས་རེ་རེའི་སེམས་སུ་ཟད་མི་ཤེས་པའི་དྲོད་ཁོལ་ཞིག་གནང་ཡོད་ལ།  ལྷག་པར་ཏུ«ཏང་གི་སྒྲིག་ཡིག»གསར་པར་བོད་ཡིག་གི་ལམ་ནས་སློབ་སྦྱོང་བྱེད་པ་ནི་རྒྱ་སྐད་དང་རྒྱ་ཡིག་མི་ཤེས་པའི་བོད་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་རྣམས་ལ་མཚོན་ན། ཇི་ལྟར་ཚད་ལྡན་གྱི་ཏང་ཡོན་བཟང་པོ་ཞིག་བྱེད་པ་དང་ཁ་ཞེ་གཉིས་མེད་ཀྱིས་མང་ཚོགས་ལ་ཞབས་འདེགས་བསྒྲུབ་པར་མེད་དུ་མི་རུང་པའི་ཕྱོགས་སྟོན་གྱི་སྒྲོན་མེ་དང་དུས་ཐོག་ཆར་བ་ཞིག་རེད་ཅེས་ཚོགས་ཞུགས་ཏང་ཡོན་རེ་རེའི་གདོང་ལ་འཛུམ་མདངས་ཀྱིས་ཁེངས་བཞིན་མ་གྲོས་གཅིག་མཐུན་གྱིས་བརྗོད་པ་དང་།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་ཏང་ཀྲི་པུའུ་ཡིས«ཏང་གི་སྒྲིག་ཡིག»གསར་པ(བོད་འགྱུར་མ)སྟེར་བའི་མཛད་སྒོ་ཡང་བདེ་བླག་ངང་མཇུག་བསྒྲིལ།
 
90454916.jpg
«ཏང་གི་སྒྲིག་ཡིག»གསར་པ(བོད་འགྱུར་མ)།
 
微信图片_20171208172151.jpg
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་ཏང་ཀྲི་པུའུ་ཡིས«ཏང་གི་སྒྲིག་ཡིག»གསར་པ(བོད་འགྱུར་མ)སྟེར་བའི་མཛད་སྒོའི་ཡུལ་དངོས།
542224693.jpg
གསེར་ལེ་ཐང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཁྲོན་ཧྲིན་གྱིས«ཏང་གི་སྒྲིག་ཡིག»གསར་བ(བོད་འགྱུར་མ)མཚམས་སྦྱོར་བྱེད་བཞིན་པ།
IMG_7940.jpg
«ཏང་གི་སྒྲིག་ཡིག»གསར་བ(བོད་འགྱུར་མ)སྟེར་བའི་མཛད་སྒོར་ཞུགས་པའི་གསེར་ལེ་ཐང་གྲོང་རྡལ་གྱི་སྡེ་བ་གསུམ་གྱི་ཏང་ཡོན་དང་ཁོར་སྲུང་མི་སྣ།
IMG_7979.jpg
གསེར་ལེ་ཐང་གྲོང་རྡལ་གྱི་ལས་བྱེད་མི་སྣས་ས་གནས་ཀྱི་ཏང་ཡོན་རྣམས་ལ«ཏང་གི་སྒྲིག་ཡིག»གསར་བ(བོད་འགྱུར་མ)སྟེར་བཞིན་པ།
IMG_8004.jpg
གསེར་ལེ་ཐང་གྲོང་རྡལ་གྱི་ལས་བྱེད་མི་སྣས་ས་གནས་ཀྱི་ཏང་ཡོན་རྣམས་ལ«ཏང་གི་སྒྲིག་ཡིག»གསར་བ(བོད་འགྱུར་མ)སྟེར་བཞིན་པ།
IMG_7982.jpg
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་ཏང་ཡོན་ལས་བྱེད་པས«ཏང་གི་སྒྲིག་ཡིག»གསར་བ(བོད་འགྱུར་མ)སྟེར་བཞིན་པ།
微信图片_20171208172305.jpg
 གསེར་ལེ་ཐང་གྲོང་རྡལ་གྱི་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས«ཏང་གི་སྒྲིག་ཡིག»གསར་བ(བོད་འགྱུར་མ)ལ་སློབ་སྦྱོང་བྱེད་བཞིན་པ།
微信图片_20171208172451.jpg
གསེར་ལེ་ཐང་གྲོང་རྡལ་གྱི་རྒྱ་ཆེའི་མང་ཚོགས་ཀྱིས་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དྲ་བར་བཀོད་པའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཐད་ཀྱི་
དྲིས་ལན་བརྒྱ་རྩ་མར་སློབ་སྦྱོང་བྱེད་བཞིན་པ།
微信图片_20171208172514.jpg
གསེར་ལེ་ཐང་གྲོང་རྡལ་གྱི་རྒྱ་ཆེའི་མང་ཚོགས་ཀྱིས་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དྲ་བར་བཀོད་པའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཐད་ཀྱི་
དྲིས་ལན་བརྒྱ་རྩ་མར་སློབ་སྦྱོང་བྱེད་བཞིན་པ།
848820780.jpg
པདྨ་རྫོང་གི་ལས་བྱེད་མི་སྣས་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དྲ་བར་བཀོད་པའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཐད་ཀྱི་
དྲིས་ལན་བརྒྱ་རྩ་མར་སློབ་སྦྱོང་བྱེད་བཞིན་པ།
861286149.jpg
པདྨ་རྫོང་གི་ལས་བྱེད་མི་སྣས་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དྲ་བར་བཀོད་པའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཐད་ཀྱི་
དྲིས་ལན་བརྒྱ་རྩ་མར་སློབ་སྦྱོང་བྱེད་བཞིན་པ།
微信图片_20171208172253.jpg
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་གསེར་ལེ་ཐང་གྲོང་རྡལ་གྱི་ཏང་ཡོན་རྣམས་ལ«ཏང་གི་སྒྲིག་ཡིག»གསར་བ(བོད་འགྱུར་མ)སྟེར་བའི་མཛད་སྒོ་
བདེ་བླག་ངང་མཇུག་བསྒྲིལ།