ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་གཏན་འཇགས་སྲུང་སྐྱོབ་བྱ་བའི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བིས་མདོ་བོད་རིགས་ཞང་སྲིད་གཞུང་ལ་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་གཏན་འཇགས་སྲུང་སྐྱོབ་བྱ་བའི་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ།
2013ལོའི་ཚུན་ལ། ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བིས་མདོ་བོད་རིགས་ཞང་གིས་རྒྱུན་མ་ཆད་པར་སྣ་མང་ཅན་གྱི་འགལ་བ་ཐག་གཅོད་རྐྱེན་སྲོལ་གསར་གཏོད་དང་འཐུས་ཚང་དུ་བཏང་བ་དང་། རིགས་མི་འདྲ་བའི་འགལ་རྩོད་ཞིབ་བཤེར་དང་ཐག་གཅོད་བྱེད་པའི་བྱ་བ་བརྟན་བརླིང་ངང་སྤེལ་ནས། འགལ་བ་གཞི་རིམ་ནས་ཐག་གཅོད་པར་ཁག་ཐེག་བྱས།
བྱེ་བྲག་གི་བྱ་བའི་ཁྲོད་དུ། བིས་མདོ་ཞང་གིས་འཕྲིན་བཅར་འགན་འཁྲི་ལམ་ལུགས་ལག་བསྟར་ནན་མོ་བྱས་པ་དང་། དུས་ལྟར་ཆེད་དོན་འཕྲིན་བཅར་བར་འདུམ་བྱ་བའི་ལས་ཁུངས་འཛུགས་པ་དང་འཐུས་ཚང་དུ་བཏང་ལ། ཆེད་དོན་འཕྲིན་བཅར་སྣེ་ལེན་ཁང་དང་འཕྲིན་བཅར་ཞུ་གཏུག་ཡིག་སྒམ་ལས་ནས། ལས་བྱེད་མི་སྣ་དང་གྲོན་དངུལ་ལ་སྔར་ལས་འགན་སྲུང་བྱས། ཁོངས་གཏོགས་ས་ཆའི་དོ་དམ་རྩ་དོན་ལྟར། ཆེད་བསྐོས་འགོ་ཁྲིད་ཀྱི་གྱོད་གཞི་འགན་ལེན་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པ་དང་། ཞང་དང་ས་ཁུལ། སྡེ་བ་རིམ་པ་གསུམ་གྱི་འགལ་རྩོད་བར་འདུམ་དྲ་རྒྱ་བཙུགས། དོན་ཆུང་སྡེ་བ་ནས་ཐག་གཅོད་པ་དང་། དོན་ཆེན་ཞང་ཐོག་ནས་ཐག་གཅོད་པའི་དམིགས་འབེན་རྒྱུན་འཁྱོངས་བྱས་པ་དང་། དུས་ཚོད་ཉེར་བཞིའི་ལས་རེས་ལམ་ལུགས་རྒྱུན་འཁྱོངས་བྱས་པ་མ་ཟད། ཞུ་གཏུག་བྱེད་དུས་སྣེ་ལེན་བྱེད་མཁན་ཡོད་པ་དང་གྱོད་གཞི་ལག་བསྟར་བྱེད་མཁན་ཡོད་པ་མངོན་འགྱུར་བྱས་ནས། སྔ་གཞུག་ཏུ་འཕྲིན་བཅར་མི་སྣ་སྟོང་གཅིག་བརྒྱ་དང་ཉེར་བདུན་སྣེ་ལེན་བྱས། དེ་དང་མཉམ་དུ། དྲིལ་སྒྲོག་ཐད་ནས་ཁྲིམས་ལྟར་སྣེ་ཁྲིད་ཡང་དག་བྱེད་པར་ཤུགས་བསྣན་པ་དང་། སྐད་འཕྲིན་སྟེགས་བུའི་སྟེང་ཁྱབ་བསྒྲགས་བྱེད་པ་དང་། ནགས་པང་ཚགས་པར་བསྒྲུབ་པ། སྦྱར་ཡིག་སྦྱོར་བ། འཕྲེད་ཡོལ་འགེལ་བ། བཞུགས་མོལ་སྒྲོག་འགྲེལ་སོགས་ཀྱི་རྣམ་པ་བརྒྱུད་དེ། མང་ཚོགས་ལ་ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་རྒྱ་ཆེར་བྱས་པ་དང་། འཕྲིན་བཅར་གྱོད་གཞི་དང་འབྲེལ་བའི་མང་ཚོགས་ལ་ཁྲིམས་ལུགས་དང་སྲིད་ཇུས་ཐད་ཀྱི་སློབ་གསོ་བཏང་ནས། ཁྲིམས་ལྟར་སྣེ་ཁྲིད་ཡང་དག་བྱས་པ་དང་ཁྲིམས་ལྟར་ཐག་བཅད་དེ། ཡང་བསྐྱར་ཞུ་གཏུག་བྱེད་པ་དང་རྨོངས་ཚོད་ཀྱིས་ཞུ་གཏུག་བྱེད་པར་བཀག་འགོག་བྱས།
དེ་ལས་གཞན། བིས་མདོ་ཞང་གིས་འཕྲིན་བཅར་བྱ་བའི་མ་ལག་བཙུགས་ནས། ཟླ་རེར་དུས་བཀག་ལྟར་ཞིབ་བཤེར་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཞིབ་བཤེར་བརྒྱུད་དེ་རྙེད་པའི་རིགས་མི་འདྲ་བའི་འགལ་རྩོད་ཐད་ནས་འགལ་བའི་རིགས་སྣ་དང་གལ་ཆེ་ཆུང་ལྟར་རིགས་བགར་ནས། ཟིན་བྲིས་སུ་འགོད་པ་དང་རྩིས་ཐོ་ལས་འགལ་བ་ཆེ་ཆུང་གང་ཡིན་རུང་། མྱུར་དུ་དུས་ཚོད་དང་མི་སྣ། ས་གནས། འགན་འཁྲི་གཏན་ཁེལ་བྱེད་པའི་བྱེད་ཐབས་སྤྱད་དེ། རྗེས་འདེད་ཐག་གཅོད་བྱེད་པ་དང་། བྱ་བའི་སྔོན་བརྒལ་རང་བཞིན་དང་སྔོན་དཔག་རང་བཞིན་ཇེ་དྲག་ཏུ་གཏོང་བ། ལྷག་པར་དུ་ལས་གཞི་གལ་ཆེན་འཛུགས་སྐྲུན་ཐད་ནས་སྡེ་བ་དང་འབྲེལ་བ་དང་། འགལ་རྩོད་འབྱུང་སླ་བའི་གནད་དོན་ཐད་ནས། སྔ་མོ་ནས་དོ་སྣང་བྱེད་པ་དང་། སྔ་མོ་ནས་ཚོད་འཛིན་བྱེད་པ། སྔ་མོ་ནས་ཐག་གཅོད་བྱས། བིས་མདོ་ཞང་གིས་བསྡོམས་པས་འགལ་རྩོད་གྱ་བཞི་ལ་ཞིབ་བཤེར་བྱས་པ་མ་ཟད། གྱོད་གཞི་གྱ་བཞི་ཐག་གཅོད་བྱས་ཏེ། འགོ་ཁུངས་ནས་རིམ་པ་བརྒལ་ནས་ཞུ་གཏུག་བྱེད་པའི་དོན་དག་འབྱུང་བར་སྔོན་འགོག་བྱས།