མཚོ་སྔོན་ཞིང་ཆེན་གྱི་ཡུས་ཧྲུའུ་གྲོང་ཁྱེར་ལ་གྲོང་ཁྱེར་གྱི་ཁྱད་ལྡན་རྣམ་པ་མཐོར་འདེགས་ལས་གཞིའི་ཀྲུང་གོའི་མི་སྡོད་ཁོར་ཡུག་གི་དཔེར་མཚོན་བྱ་དགའ་ཐོབ།
2017.12.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཉེ་ལམ། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོའི་མི་སྡོད་ཁོར་ཡུག་བྱ་དགའི་བྱ་དགའ་ཐོབ་པའི་མིང་ཐོའི་སྐོར་གྱི་བརྡ་ཐོ་དཔར་ནས་བཀྲམ་སྟེ། ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོའི་མི་སྡོད་ཁོར་ཡུག་བྱ་དགའི་བྱ་དགའ་ཐོབ་པའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཡུས་ཧྲུའུ་གྲོང་ཁྱེར་ལ་གྲོང་ཁྱེར་གྱི་ཁྱད་ལྡན་རྣམ་པ་མཐོར་འདེགས་ལས་གཞིའི་ཀྲུང་གོའི་མི་སྡོད་ཁོར་ཡུག་གི་དཔེར་མཚོན་བྱ་དགའ་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་མི་སྡོད་ཁོར་ཡུག་གི་དཔེར་མཚོན་བྱ་དགའ་ནི་རང་རྒྱལ་གྱི་གྲོང་ཁྱེར་འཛུགས་སྐྲུན་ལས་གཞིའི་བྱ་དགའ་ཆེས་མཐོ་ཤོས་ཡིན་པ་དང་། མཁར་གྲོང་གི་ཁོར་ཡུག་སྤུས་ཚད་ལེགས་བཅོས་བྱེད་པ་དང་མཁར་གྲོང་སྤྱི་ཡོངས་ཀྱི་ནུས་པ་མཐོར་འདེགས་གཏོང་བ། མི་སྡོད་ཁོར་ཡུག་བཟང་བོ་གསར་སྐྲུན་བྱེད་པ་སོགས་ཐད་བྱ་བ་བཟང་བོར་སྒྲུབ་པ་དང་གྲུབ་འབྲས་མངོན་གསལ་ཡིན་པའི་གྲོང་ཁྱེར་དང་གྲོང་རྡལ། སྡེ་ཁག་སོགས་ལ་ཆེད་དུ་གཟེངས་བསྟོད་བྱེད་པའི་བྱ་དགའི་རིགས་ཤིག་ཡིན་པ་དང་ཉིས་སྟོང་གཅིག་ལོར་དངོས་སུ་གསར་འཛུགས་བྱས་པ་རེད།