མཚོ་སྔོན་གྱིས་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་ཕན་འབྲས་ལ་དཔྱད་འཇོག་བྱས།
2017.12.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ཆར། མཚོ་སྔོན་ཞིང་ཆེན་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གིས་རྩ་འཛུགས་དོ་དམ་དང་ལས་གཞི་ལག་བསྟར། རྣམ་པ་སྐྲུན་སྟངས། ཁོར་ཡུག་ལེགས་སྒྲིག མ་དངུལ་དོ་དམ། དངུལ་གཏོང་ཡོངས་འགྲུབ། རྒྱུ་སྤུས་བདེ་འཇགས་བཅས་ཕྱོགས་བདུན་གྱི་སྐོར་ནས་ཡུལ་གྲོང་འཛུགས་སྐྲུན་ཕན་འབྲས་ལ་ཕྱོགས་བསྡུས་དཔྱད་འཇོག་བྱས།

དཔྱད་འཇོག་བརྒྱུད་དེ་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲིན་ཀོན་གྲོང་རྡལ་དང་གཅན་ཚ་རྫོང་ཁང་ཡང་གྲོང་རྡལ། ཕིན་ཨན་ས་ཁུལ་གྱི་སན་ཧི་གྲོང་རྡལ། ཏུའུ་ལུན་རྫོང་གི་པཎ་ཆེན་ཤིང་སྡེ་གྲོང་རྡལ། ཁྲི་འདུ་རྫོང་འདམ་མདའ་གྲོང་རྡལ་བཅས་ལ་ཕུལ་བྱུང་རིམ་པའི་དཔྱད་འཇོག་ཐོབ་པ་དང་། དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་དང་། ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ། ཝུའུ་ལན་རྫོང་ཁི་ཁི་གྲོང་རྡལ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནན་མིན་ཞ་གྲོང་རྡལ། ཧོང་ཀྲུང་རྫོང་ལིས་ཅ་ཧྲན་གྲོང་རྡལ་བཅས་ལ་ཅུང་ལེགས་པའི་དཔྱད་འཇོག་ཐོབ། བྱ་དགའ་བྱིན་ནས་སྐུལ་འདེད་བཏང་རྗེས། ཞིང་ཆེན་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གིས་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་ལྔ་ལྷག་བཏང་ནས། ཕུལ་བྱུང་དཔྱད་འཇོག་ཐོབ་པའི་གྲོང་རྡལ་ལྔ་དང་ཅུང་ལེགས་པའི་དཔྱད་འཇོག་ཐོབ་པའི་གྲོང་རྡལ་ལྔ་བཅས་ལ་སོ་སོར་སྒོར་ས་ཡ་བདུན་དང་ས་ཡ་གསུམ་གྱི་བྱ་དགའ་བྱིན།