གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ལྷོ་ཁུལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་སྒྲོག་བྱེད་པའི་བྱ་བར་གཟབ་ནན་གྱིས་སྐུལ་འདེད་བཏང་བར་མ་ཟད། སྡེ་ཁག་སོ་སོས་མྱུར་དུ་འགུལ་སྐྱོད་སྤེལ་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བྱ་བའི་ལས་རིམ་སོ་སོའི་ཁྲོད་དོན་འཁྱོལ་བྱས་པ་དང་བྱ་བའི་དངོས་ཡོད་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་བའི་དགོངས་དོན་སློབ་སྦྱོང་བྱས་པའི་གྲུབ་འབྲས་ལ་དཔྱད་ཞིབ་བྱས།
མཚོ་ལྷོ་ཁུལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བཟང་བོ་དང་དྲིལ་སྒྲོག་བཟང་བོ་བྱེད་པ་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་དང་པོར་བརྩིས་ཏེ་ཁུལ་ཡོངས་ཀྱིས་དུས་ཐོག་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པར་བཀོད་སྒྲིག་བྱས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཚོ་ལྷོ་ཁུལ་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ལྷོ་ཁུལ་གྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་ཟུང་འབྲེལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྗང་མདོག་ཐོན་ལས་གཅིག་བསྡུས་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་རྒྱུན་འཁྱོངས་བྱས་པ་དང་ཐོན་ལས་ཆེན་པོ་གསུམ་གྱི་འཕེལ་རྒྱས་དམིགས་འབེན་ལྟར་བྱ་བའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་པ་དང་བྱ་བའི་དམིགས་འབེན་དམ་པོར་བཟུང་ནས་སྟོབས་ཤུགས་ཡོད་རྒུས་བྱ་བ་སྣ་ཚོགས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།