མཚོ་སྔོན་གྱི་ཁྲིམས་རྩོད་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྡུས།
2017.12.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན། མཚོ་སྔོན་གྱི་ཁྲིམས་རྩོད་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྡུས་པ་དང་ཞིང་ཆེན་ཡོངས་ཀྱི་ཁྲིམས་རྩོད་པ་བཞི་བརྒྱ་ལྷག་ཐེངས་འདིའི་གསོ་སྦྱོང་ལ་ཞུགས། ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ། ཞིང་ཆེན་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་པའོ་ལིན་གྱིས་ཟུར་ཁྲིད་སྙན་ཞུ་ཕུལ།

ལིག་པའོ་ལིན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་དགོངས་དོན་གཙོ་བོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ། ཁྲིམས་རྩོད་པའི་ལས་རིགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་ཇི་ལྟར་སློབ་སྦྱོང་བྱེད་དགོས་པ་སོགས་ཕྱོགས་གསུམ་གྱི་ཐད་ནས་ཟུར་ཁྲིད་བྱས། ཐེངས་འདིའི་གསོ་སྦྱོང་ལ་ཞུགས་པའི་ཁྲིམས་རྩོད་པ་རྣམས་ཀྱིས་གཅིག་གྱུར་སྒོས་བསྟན་དོན། ཟུར་ཁྲིད་སྙན་ཞུར་ཉན་རྗེས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སྔར་ལས་གཏིང་ཟབ་པ་དང་ཆ་ཚང་བའི་སྒོ་ནས་རྒྱུས་ལོན་བྱུང་བ་དང་ལྷག་པར་དུ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐད་ཀྱི་ངོས་འཛིན་དང་ཤེས་རྟོགས་སྔར་ལས་ཇེ་མཐོར་སོང་། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་དུས་རིམ་གཙོ་བོ་ཡིན་པའི་ཆ་ནས། ཁྲིམས་རྩོད་པའི་ལམ་ལུགས་ཀྱིས་དམངས་གཙོ་དང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྲུང་སྐྱོབ་དང་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཁྲིམས་རྩོད་པ་ཞིག་ཡིན་པའི་ཆ་ནས། བློ་བརྟན་འགྱུར་མེད་སྒོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་སྟོན་དུ་བརྩིས་ཏེ་ཁྲིམས་ལུགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པའི་གོ་རིམ་ཁྲོད་རང་འགན་གཙང་སྒྲུབ་བྱེད་པ་དང་ཆེད་ལས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། བསམ་འཆར་དང་གྲོས་གཞི་འདོན་ཕོད་པར་བྱེད་པ། དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་ཁྲིམས་ལུགས་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པར་སྲུང་སྐྱོབ་བྱེད་པ། སྤྱི་ཚོགས་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བཅས་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་དང་བདེ་འཇགས་ཚོར་བ་སོགས་མཐོར་འདེགས་གཏོང་བའི་ཐད་བྱས་རྗེས་འཇོག་ངེས་ཡིན་ཟེར།