མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་ཁྱད་ལྡན་ཐོན་ལས་ཐད་ཀྱི་གསོ་སྦྱོང་སྤེལ་ནས་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱས།
2017.12.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

མིག་སྔར། པདྨ་རྫོང་གི་གསེར་མདོག་ཐོན་ལས་ཁུལ་དུ་རྫ་ནག་བཟོ་རྩལ་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་ཁྱད་ལྡན་ལས་གཞིར་མ་དངུལ་སྟེར་བའི་མཛད་སྒོ་སྤེལ་བ་དེས་པདྨ་རྫོང་གིས་ཡང་བསྐྱར་ཁྱད་ལྡན་ཐོན་ལས་ཐད་ཀྱི་གསོ་སྦྱོང་འཛིན་གྲྭ་ཞིག་སྒྲུབ་པ་མཚོན་ཡོད།རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་དངོས་ཡོད་བྱེད་ཐབས་སྤྱད་དེ། གསོ་སྦྱོང་ལ་ཞུགས་འདོད་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་དག་ལ་རིན་མེད་པར་རིགས་སོ་སོའི་གསོ་སྦྱོང་སྤེལ་བ་དང་ཉིས་སྟོང་བཅུ་བདུན་ལོར་བསྡོམས་པས་མི་བདུན་བརྒྱ་ལྷག་ལ་གསོ་སྦྱོང་བྱས་པས་དབུལ་ཕོངས་མང་ཚོགས་དག་གི་གཅིག་གྱུར་གཟེངས་བསྟོད་ཐོབ།

དུས་ཡུན་རིང་པོའི་ཚུན་ལ། པདྨ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རྒྱུན་ཆད་མེད་པར་པདྨའི་རྫ་ནག་དང་བོད་ཇ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་དབུལ་སྐྱོར་མཁྲེགས་གཏོར་གཉིས་ཟུང་འབྲེལ་བྱས་པ་དང་མདོག་གསུམ་པདྨ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ་མང་ཚོགས་ཀྱི་ཡོང་སྒོ་སྤར་ནས་ཕྱུག་སྒྱུར་བྱེད་པའི་བགྲོད་ལམ་རྒྱ་བསྐྱེད། མིག་སྔའི་བར། པདྨ་རྫོང་གིས་རྒྱུན་ཆད་མེད་པར་དབུལ་ཕོངས་མང་ཚོགས་ཀྱི་ཕྱུག་སྒྱུར་ལམ་བུ་རྒྱ་བསྐྱེད་དེ་གོན་པ་ལས་སྣོན་དང་བོད་ཇ་ཐོན་སྐྱེད། བོད་ཀྱི་ས་གདན་ཐོན་སྐྱེད་སོགས་ཀྱི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ཏེ་ནུས་ཡོད་སྒོས་དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་ཕྱུག་འགྱུར་བྱེད་པར་སྣེ་ཁྲིད་བྱས་པར་མ་ཟད། པདྨ་རྫོང་གི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།