ངེས་པ་དོན་གྱིས་སྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་དེ་རིམ་པ་སོ་སོའི་ཏང་ཨུའི་སྲིད་གཞུང་དང་སྡེ་ཁག་གི་ཞིབ་ཕྲའི་བྱ་བའི་ཁྲོད་འདྲེས་པར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་སྲ་སྒྱུར་བྱས་ནས། ཧུར་ཐག་གིས་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་གཉིས་ཀྱིས་ཟླ་12པའི་ཚེས18ཉིན་ནས་ཚེས་19ཉིན་བར་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་ཞིང་ཆེན་ཡོངས་ཀྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་དཔལ་ཡོན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞིབ་འཇུག་གྲོས་མོལ་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་ཡོངས་ཀྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་བརྒྱད་ཅུ་ཐེངས་འདིའི་ཞིབ་འཇུག་གྲོས་མོལ་ཚོགས་འདུར་ཞུགས།
ཐེངས་འདིའི་ཞིབ་འཇུག་གྲོས་མོལ་ཚོགས་འདུའི་སྟེང་དམིགས་བསལ་གདན་ཞུའི་མཛུབ་སྟོན་དགེ་རྒན་དྲུག་གིས་གཙོ་བོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་འབྲེལ་བའི་རྒྱས་བཤད་གལ་ཆེན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་འབྲེལ་བའི་འཐབ་ཇུས་བཀོད་སྒྲིག་དང་《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འགན་འཁྲི་གཏན་འབེབས》སོགས་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ལམ་ལུགས་ཐད་ནས་གསོ་སྦྱོང་བྱས་ཤིང་། ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བཅས་ཀྱི་དགོངས་དོན་དང་དེ་དང་འབྲེལ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བའི་བཀོད་སྒྲིག་གི་རེ་བ་གལ་ཆེན་ལག་བསྟར་དངོས་འབེབས་བྱས་ནས། ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་དང་འགན་འཁྲི་རྩད་གཅོད། ཁོར་ཡུག་སྲུང་སྐྱོབ་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་སོགས་ནང་དོན་ཐད་ནས་འཆད་ཁྲིད་བྱས།