ཞུང་ཧྭ་རྫོང་བིས་མདོ་ཞང་གིས་ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་བྱ་བར་ཤུགས་བསྣན།
2017.12.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 4

ཉེ་ལམ། ཞུང་ཧྭ་རྫོང་བིས་མདོ་ཞང་གིས་ཏང་འཛུགས་འཕེལ་རྒྱས་ལ་དམིགས་ནས། ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་བྱ་བར་ཤུགས་བསྣན་། ཚད་ལྡན་ལ་རྒྱུན་འཁྱོངས་དང་གསར་སྐྲུན་ལ་རྒྱུན་འཁྱོངས། ཁྱད་ཆོས་རྒྱུན་འཁྱོངས་བཅས་ཀྱི་རྩ་དོན་ལྟར། ཏང་འཛུགས་སྐྲུན་བྱེད་པའི་སྔོན་བསྐྱོད་རང་བཞིན་གཙོ་བོར་བཟུང་སྟེ། སྤྱི་བསྡོམས་དང་སྦྱོང་བརྡར། གསར་སྐྲུན་བཅས་ཀྱི་ཏང་འཛུགས་མིང་རྟགས་སྐྲུན་ནས། ཞང་ཡོངས་སུ་ཀྲི་པུའུ་དང་ཏང་ཡོན། ལས་བྱེད་མང་ཚོགས་བཅས་ཀྱིས་དཀའ་སྡུག་མྱོང་ཐུབ་ལ། འཐབ་རྩོད་བྱེད་ཕོད་པ་དང་། ལྷག་པར་དུ་མཐུན་སྒྲིལ་དང་སྒྲིག་སྲུང་། ཞབས་ཞུ་བཅས་ཀྱིས་སྣེ་ཁྲིད་བྱས་ནས། སེམས་ཤུགས་གཅིག་སྒྲིལ་དང་རྒྱུན་མཐུད་འཕེལ་ཤུགས། གྲུབ་འབྲས་དཔྱད་སྡུར། དབུལ་ཐར་མཁྲེགས་གཏོར། གཞི་རིམ་ཏང་འཛུགས། ཏང་སྲོལ་སྲིད་གཙང་། དཔལ་ཡོན་ཤེས་རིག ཕྱོགས་བསྡུས་གཏན་འཇགས་བཅོས་སྐྱོང་དང་། མི་རིགས་མཐུན་སྒྲིལ། གུང་གཞོན་ཚོགས་པ། རིན་དངུལ་གཉིས་ཀྱི་བསྡུ་སྤྲོད། གསར་འགྱུར་དྲིལ་སྒྲོག་བཅས་ཀྱི་བྱ་བའི་ཐད་རྫོང་ཡོངས་ཀྱི་སྔོན་གྲས་སུ་ཚུད་ཡོད་ལ། གྲུབ་འབྲས་གཟེངས་སུ་ཐོན་པས། ཞང་དང་གྲོང་རྡལ་རིམ་པའི་ནང་དུ་རིམ་པ་དང་པོའི་གྲས་སུ་ཚུད་ཡོད།