
རྩོམ་པ་པོ་རིག་ལྡན་རྒྱ་མཚོའི་སྒྲུང་རིང་བློས་བསླངས་དཀྱིལ་འཁོར།
ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། བོད་ཀྱི་སྒྲུང་གཏམ་པ་གྲགས་ཅན་རིག་ལྡན་རྒྱ་མཚོའི་སྒྲུང་རིང་《བློས་བསླངས་དཀྱིལ་འཁོར》གྱི་འགྲེམ་སྤེལ་དཔྱད་གླེང་ཚོགས་འདུ་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་བསྡུས་པ་དང་། ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ནི་རྨ་ལྷོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་རྨ་ལྷོ་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། གཅན་ཚ་རྫོང་རིག་གནས་དཔེ་མཛོད་ཁང་གིས་རོགས་སྒྲུབ་བྱས་པ་རེད།
ཐེངས་འདིའི་ཚོགས་འདུ་ལ་རྩོམ་པ་པོ་སུམ་ཅུ་ལྷག་ཡོད་པ་དང་། ཟུར་ཞུགས་པ་བཅས་བསྡོམས་པས་མི་དྲུག་ཅུ་ལྷག་ཞུགས་ཡོད། བོད་ཀྱི་རྩོམ་པ་པོ་རང་སྒྲ་དང་ཆོས་སྐྱོང་། དོ་རྒྱ་བསོད་ནམས་ཚེ་རིང་། འབྲོང་བུ་རྡོ་རྗེ་རིན་ཆེན། རེ་རྐང་གླིང་། རོང་བོ་དགེ་འདུན་ལྷུན་གྲུབ། བཀྲ་ཤིས་ཚེ་བརྟན་སོགས་ཀྱིས་དཔེ་གསར་དང་འབྲེལ་ནས་དཔྱད་གླེང་སྤེལ།

ཚོགས་འདུའི་ཡུལ་དངོས་ཀྱི་རྣམ་པ།