དང་པོ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བ་བདེ་བླག་ངང་ཡོངས་གྲུབ་བྱས།
ཟླ12པའི་ཚེས24ཉིན། ཉིན་བཞི་ཅུའི་རིང་གི་བིས་མདོ་ཞང་གི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས། སྐབས་བརྗེ་འདེམ་བསྐོ་བྱ་བ་སྤེལ་བའི་ཚུན་ལ། ཞང་ཏང་ཨུ་དང་སྲིད་གཞུང་གིས་བྱ་བ་མང་པོ་སྒྲུབ་ཅིང་། ཞང་གི་ཏང་ཨུའི་ཧྲུའུ་ཅི་ནིས་མའེ་ཡི་སྣེ་ཁྲིད་བྱེད་པའི་སྐབས་བརྗེ་འདེམ་བསྐོ་ཚན་ཆུང་སྡེ་བ་སོ་སོ་དང་ཏང་ཡོན། མང་ཚོགས་ཁྲོད་ཟབ་ཞུགས་བྱས་ནས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་དང་སྐུལ་སློང་བྱས་པར་མ་ཟད་བཅར་འདྲི་དང་མཐིལ་རྟོགས་བྱས་ལ། རྒྱ་ཆེའི་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས། དེ་དང་མཉམ་དུ་སྐབས་བརྗེ་སྒྲིག་ལམ་ལྟར་དུ་ངེས་པ་དོན་གྱིས་ཆབ་སྲིད་ཀྱི་སྟེང་ནས་ཉམས་སད་ཐེག་ཐུབ་པ་དང་ཕྱུག་སྒྱུར་བྱེད་ཐུབ་པ། བཅོས་སྐྱོང་ལ་མཁས་པའི་ཕུལ་བྱུང་མི་སྣ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁྲོད་བཞག་སྟེ། རྒྱལ་ཁབ་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་ཀླུ་རྒྱལ་དང་། ལོ་སོ་ལྔ་ཡིན་པའི་ན་གཞོན་འཇོན་ཐང་ཅན་པདྨ་ཚེ་བརྟན་སོགས་ཕུལ་བྱུང་གི་སྡེ་བའི་ལས་བྱེད་པ་སྐོར་ཞིག་བདམས་ནས། ཆབ་སྲིད་ལ་མཁས་པ་དང་མང་ཚོགས་ལ་ཤ་ཚ་བ། གནས་ཚུལ་ལ་རྒྱུས་མངའ་ཡོད་པ། ཡུན་རིང་བོར་གཞི་རིམ་ནས་འདུག་ཐུབ་པའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱས་ཏེ་བིས་མདོ་ཞང་གི་མཐུན་སྒྲིལ་དང་བྱ་བ་སོ་སོའི་འཕེལ་རྒྱས་ཐད་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།
གཉིས་པ། སྔོན་ལ་རྒན་གསོའི་འགན་བཅོལ་དངུལ་དང་སྨན་བཅོས་འགན་སྲུང་དངུལ་གྱི་རྩིས་ལེན་བྱ་བ་ཡོངས་གྲུབ་བྱས།
རྒན་གསོའི་འགན་བཅོལ་དངུལ་དང་སྨན་བཅོས་འགན་སྲུང་དངུལ་ནི་དཀའ་ཁག་ཁྱིམ་ཚང་དབུལ་ཐར་བྱེད་པའི་འགྱུར་མེད་དམིགས་ཚད་ཡིན་ལ། ཟླ12པའི་ཚེས་25ཉིན་བར། བིས་མདོ་ཞང་གིས་རྒན་གསོའི་འགན་བཅོལ་དངུལ་དང་སྨན་བཅོས་འགན་སྲུང་དངུལ་གྱི་རྩིས་ལེན་བྱས་ཚད་དང་ཆ་འཕྲིན་ཕབ་འཇུག་བྱས་ཚད་རྫོང་ཡོངས་ཀྱི་སྔོན་ལ་སླེབས་པ་དང་མངོན་འགྱུར་བྱས་ཚད་བརྒྱ་ཆའི་བརྒྱ་ཡིན་པ་རེད། ཞིང་སྡེའི་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་དངུལ་དང་སྨན་བཅོས་འགན་སྲུང་དངུལ་ནི་ཞང་ཡོངས་ཀྱི་མི་དམངས་ཀྱི་རྒས་དུས་གཉོར་མཁན་ཡོད་པ་དང་ན་དུས་སྨན་པར་སྟོན་ཐུབ་པར་འབྲེལ་བ་ཡོད་པའི་དོན་དག་ཆེན་པོ་ཞིག་ཡིན་པས། ཞང་ཡོངས་ཀྱི་2018ལོའི་དངུལ་བསྡུ་བྱ་བ་སྤེལ་བའི་ཚུན་ལ། བུས་མདོ་ཞང་གིས་རྒྱུན་ལྡན་ལས་བརྒལ་བའི་བྱེད་ཐབས་སྤྱད་པ་དང་གཟབ་ནན་གྱིས་འགན་འཁྲི་ལམ་ལུགས་དངོས་འབེབས་བྱེད་པ། སྲིད་ཇུས་དྲིལ་སྒྲོག་སྲ་སྒྱུར་བྱེད་པ། དྲིལ་སྒྲོག་རྒྱུ་ཆ་སྟེར་བ་དང་སྡེ་དམངས་ཀྱི་ཚོགས་འདུ་ལ་ཞུགས་པ་དང་ཁྱིམ་ཚང་ལ་སོང་ནས་དྲིལ་སྒྲོག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། རྒྱ་ཆེའི་མང་ཚོགས་ལ་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་བ་དང་འགན་སྲུང་དངུལ་སྤྲོད་པའི་ཚད་གཞི་གསར་བ། འགྲོ་སོང་རྩིས་ཞུའི་སྡུར་ཚད་སོགས་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ། མང་ཚོགས་རྣམས་ཀྱིས་སྲིད་ཇུས་ལ་རྒྱུས་ལོན་བྱེད་པ་དང་སྲིད་ཇུས་བཀོལ་སྤྱོད་བྱས་ནས། ངེས་པ་དོན་གྱིས་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་བས་ནད་སྟོན་དཀའ་བ་དང་ནད་བཅོས་རིན་གོང་མཐོ་བའི་གནད་དོན་ཐད་ཀྱི་བྱེད་ནུས་གལ་ཆེན་ཤེས་པར་བྱས་ནས་རང་འགུལ་གྱིས་དངུལ་སྤྲོད་པར་བྱས། རྒན་གསོའི་འགན་བཅོལ་དངུལ་དང་སྨན་བཅོས་འགན་སྲུང་དངུལ་གྱི་རྩིས་ལེན་བྱ་བ་ཡོངས་འགྲུབ་བྱས་པ་དེས་བིས་མདོ་ཞང་གིས་ཡང་བསྐྱར་དབུལ་ཐར་ཚད་གཞི་ཞིག་ཡོངས་འགྲུབ་བྱས་པ་མཚོན་ཡོད།