མཚོ་སྔོན་ཞིང་ཆེན་གྱི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་ཉིས་བརྒྱ་ལྷག་ཅང་སུའུ་ཞིང་ཆེན་དུ་སློབ་སྦྱོང་དང་གསོ་སྦྱོང་བྱེད་པར་སོང་།
2017.12.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་གཙོ་བོའི་བསམ་བློ་བཅིངས་འགྲོལ་གཏོང་བ་དང་ནུས་པ་མཐོར་འདེགས་བྱེད་པ། བསྙེགས་བརྒལ་འཕེལ་རྒྱས་སུ་གཏོང་བའི་ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོའི་མི་སྣ་ཉི་བརྒྱ་ལྷག་ཅང་སུའུ་་ཞིང་ཆེན་ཅང་ཡིན་གྲོང་ཁྱེར་ཧྭ་ཞི་སྡེ་བ་རུ་སོང་ནས། དུས་ཡུན་ཉིན་བདུན་རིང་གི་གཅིག་བསྡུས་གསོ་སྦྱོང་དང་ལེན་བྱེད་རྒྱུ་རེད། དེས་ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་འགན་ཁུར་མི་སྣ་གཙོ་བོའི་རེས་མོས་གསོ་སྦྱོང་བྱ་བ་དངོས་སུ་འགོ་བརྩམས་པ་མཚོན་ཡོད།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྐབས་བརྗེའི་རྗེས་ཀྱི་སྡེ་བ་དང་སྡོད་ཁུལ་གྱི་ཏང་ཀྲི་པུའུ་དང་སྡེ་དམངས་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་འགན་ཁུར་མི་སྣ་གཙོ་བོའི་འགན་སྒྲུབ་ནུས་པ་སྔར་ལས་མཐོར་འདེགས་བྱེད་ཆེད། 2017ལོའི་ཟླ་བཅུ་གཉིས་པ་ནས2018ལོའི་ཟླ་དྲུག་པའི་ནང་བར། མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་སྐོར་ཁག་བགོས་ནས་ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡོད་ཁུལ་གྱི་ཏང་ཀྲི་པུའུ་དང་སྡེ་དམངས་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་འགན་ཁུར་མི་སྣ་རྩ་འཛུགས་བྱེད་པ་དང་། གཙོ་བོར་གསར་དུ་འདེམས་བསྐོ་བྱས་པའི་མི་སྣ་རྩ་འཛུགས་བྱས་ནས་གཅིག་བསྡུས་སྒོས་རེས་མོས་གསོ་སྦྱོང་བྱེད་པའི་བྱ་བ་སྤེལ་རྒྱུ་རེད། ཐེངས་འདིའི་རེས་མོས་གསོ་སྦྱོང་སྐབས་སུ་གཙོ་བོར་ཕྱིར་འགྲོ་བ་སོགས་ཀྱི་རྣམ་པ་སྤྱད་དེ་སྤེལ་རྒྱུ་ཡིན་པ་དང་། ས་ཆ་སོ་སོའི་གནས་ཚུལ་དངོས་ལ་གཞིགས་ནས། རང་རྫོང་དང་ཆུའུ་ཡི་ཕྱི་རུ་སོང་ནས་གསོ་སྦྱོང་བྱེད་པ་དང་། ཡང་ན་རང་གྲོང་ཁྱེར་དང་རང་ཞིང་གི་ཕྱི་རུ་སོང་ནས་གསོ་སྦྱོང་བྱེད་པ་དང་། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་ཞིང་ཆེན་ཕྱི་རུ་སོང་ནས་གསོ་སྦྱོང་བྱེད་པར་ཤུགས་སྣོན་རྒྱུ་རེད།

ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡོད་ཁུལ་གྱི་ཏང་ཀྲི་པུའུ་དང་སྡེ་དམངས་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་གཙོ་བོའི་རེས་མོས་གསོ་སྦྱོང་བྱ་བ་ལག་བསྟར་བྱེད་པའི་གོ་རིམ་ཁྲོད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་གཙོ་བོའི་བསམ་བློ་བཅིངས་འགྲོལ་གཏོང་བ་དང་ནུས་པ་མཐོར་འདེགས་བྱེད་པ། བསྙེགས་བརྒལ་འཕེལ་རྒྱས་སུ་གཏོང་བའི་ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྡུས་ནས། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་གཙོ་བོ་སྟོང་གཅིག་དང་དྲུག་བརྒྱ་ལ་རེས་མོས་གསོ་སྦྱོང་བྱེད་རྒྱུ་ཡིན་པ་དང་། སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་བྱ་བར་ཤུགས་སྣོན་པའི་ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྒྲུབ་ནས། ཞིང་ཆེན་རིམ་པའི་གསོ་སྦྱོང་དེ་ཞིང་ཆེན་ཡོངས་ཀྱི་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡོངས་ལ་ཁེབས་པར་བྱེད་རྒྱུ་རེད། གྲོང་ཁྱེར་དང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་བོར་རྫོང་དང་གྲོང་ཁྱེར། ཆུའུ་ཡི་རེས་མོས་གསོ་སྦྱོང་བྱ་བར་རྗེས་འདེད་མཛུབ་སྟོན་བྱེད་པའི་འགན་ཁུར་ནས། སྡེ་བ་དང་སྡོད་ཁུལ་གྱི་ཏང་ཀྲི་པུའུ་དང་སྡེ་དམངས་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་འགན་ཁུར་མི་སྣ་གཙོ་བོ་བརྒྱ་ཆའི་ཉི་ཤུ་ལ་རེས་མོལ་གསོ་སྦྱོང་བྱེད་ཐུབ་པར་བྱེད་རྒྱུ་རེད། རྫོང་དང་གྲོང་ཁྱེར། ཆུའུ་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་དང་གྲོང་ཁྱེར། ཁུལ་རིམ་པ་གཉིས་ཀྱི་སློབ་མའི་བདམས་སྐོང་བྱ་བ་བཟང་བོ་བསྒྲུབ་པའི་་ཞོར་དུ། རྫོང་གཅིག་ལ་རྟེན་གཞི་གཅིག་དང་རྫོང་གཅིག་ལ་ཁྱད་ཆོས་གཅིག་གི་ཏང་ཡོན་སློབ་གསོའི་རྟེན་གཞི་ལ་རྒྱབ་རྟེན་ནས་གསོ་སྦྱོང་ལ་མ་ཞུགས་པའི་ཞིང་ཆེན་དང་གྲོང་ཁྱེར། ཁུལ་བཅས་ཀྱི་མི་སྣ་གཞན་པར་རེས་མོས་གསོ་སྦྱོང་བྱས་ནས། གསོ་སྦྱོང་དེ་ཡོངས་སུ་ཁེབས་པར་བྱེད་རྒྱུ་རེད།