གཅན་ཚ་ཐང་ཞང་གི་དབུལ་ཁྱིམ་གཞི་ཁྱིམ་གསར་བའི་འདུས་སྡོད་ས་ཁུལ་དུ་གནས་སྤོར་བའི་མཛད་སྒོ་བསྡུས།
2017.12.28 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 10

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་དབང་རྒྱལ་ཚེ་རིང་དང་སྐལ་བཟང་རྣམ་རྒྱལ་གཉིས་ཀྱིས་བཀོད་པའི་གསར་འགྱུར།

ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་ཞང་གི་དབུལ་ཁྱིམ་གཞི་ཁྱིམ་གསར་བའི་འདུས་སྡོད་ས་ཁུལ་དུ་གནས་སྤོར་བའི་མཛད་སྒོ་དེ་གཅན་ཚ་ཐང་ས་སྒ་ཉག་ག་རུ་བསྡུས།

རྨ་ལྷོ་ཁུལ་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་པད་མ་རྒྱ་མཚོ་དང་། གཅན་ཚ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་བསྟན་འཛིན་སོགས་འབྲེལ་ཡོད་འགོ་ཁྲིད་རྣམས་མཛད་སྒོར་ཞུགས།

ཐེངས་འདིའི་མཛད་སྒོའི་སྟེང་དུ་གླུ་གར་བྲོ་གསུམ་གྱི་རིག་རྩལ་འཁྲབ་སྟོན་བྱས་ནས་རྒྱ་ཆེའི་མང་ཚོགས་རྣམས་ལ་རིག་གནས་ཀྱི་འཚོ་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་བསྩལ་པ་མ་ཟད། ཞང་ཏང་ཨུ་དང་ཞང་སྲིད་གཞུང་གི་འགོ་ཁྲིད་ཚབ་བྱེད་མི་སྣས་གཅན་ཚ་ཐང་ས་སྒ་ཉག་གའི་འདུས་སྡོད་འཛུགས་སྐྲུན་དང་འབྲེལ་བའི་རྫོང་གི་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་སོ་སོར་བཀའ་དྲིན་ཞུས་ལ། མཛད་སྒོའི་རྗེས་སུ། རྫོང་རིམ་པའི་ལས་བྱེད་རྣམས་ཀྱིས་གཅན་ཚ་ཐང་ཞང་གི་ལོ་ན་བདུན་ཅུའི་ཡན་ལ་སོན་པའི་དཀའ་ཁག་ཅན་གྱི་ལོ་ལོན་རྒན་པ་དག་ལ་འབྲས་རྒྱ་མ་སྟོང་གཅིག་དང་ཉིས་བརྒྱ་དང་། མལ་གདན་ལྔ་བརྒྱ་དང་དོན་བཞི། སྣུམ་རྒྱ་མ་སུམ་སྟོང་། ཇ་དཀར་ཉིས་བརྒྱ་དོན་བཞི་བཅས་འཚམས་རྟགས་སུ་གནང་བ་མ་ཟད། འདུས་སྡོད་ས་ཁུལ་དུ་གནས་སྤར་བའི་དབུལ་ཕོངས་ཁྱིམ་ཚང་སུམ་བརྒྱ་ལ་འཚམས་འདྲིའི་ལེགས་སྐྱེས་བྱིན།

གཅན་ཚ་ཐང་ས་སྒ་ཉག་ག་གཞི་ཁྱིམ་འདུས་སྡོད་ལྟེ་གནས་ནི་ལོ་ངོ་གཉིས་ཀྱི་གསར་སྤེལ་འཛུགས་སྐྲུན་བརྒྱུད་ནས། གཏན་སྡོད་ཁང་པ་དང་། ཁང་པའི་ནང་གི་མཛེས་བཟོ་ཡོངས་སུ་འགྲུབ་སྟེ། ཚ་ཐབ་སོགས་ཅ་ལག་བསྒྲིགས་པ་དང་། ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་བྱས་ཡོད་ལ། ཞིང་ཕྱུགས་ཁྲོམ་ར་དང་གཅན་ཚ་དང་ཁྲི་ཀའི་གཞུང་ལམ་གྱི་རྨང་གཞི་འདིང་པ་སོགས་ཀྱི་བྱ་བ་ཡོད་ཚད་ལ་ཞིབ་བཤེར་རྩིས་ལེན་བྱས་ནས། སྤྱི་བསྡོམས་གནས་སྤོར་ཁྱིམ་ཚང་སུམ་བརྒྱ་དང་མི་གྲངས་ཆིག་སྟོང་བརྒྱ་དང་རེ་བརྒྱད་ཡོད་ལ། དེའི་ཁྲོད་དུ་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་ཉིས་བརྒྱ་སོ་ལྔ་དང་། མི་གྲངས་དགུ་བརྒྱ་དང་བཅུ་གཅིག་ཡོད། 

ལས་གཞི་འདིས་གཅན་ཚ་ཐང་ཞང་གི་སྲོལ་རྒྱུན་འབྲོག་ལས་རིགས་སྒྱུར་རིམ་འཕར་དང་། བཟོ་བཀོད་ལས་གཞི་གཙོ་བོར་སྐུལ་འདེད་བཏང་པ་མ་ཟད། ཁ་ཐོར་རང་བཞིན་གྱི་དངུལ་གཏོང་དང་ཕྱོགས་མང་རང་བཞིན་གྱི་མ་དངུལ་གཏོང་པ་སོགས་ཕྱོགས་བསྡུས་དངུལ་གཏོང་ཕན་འབྲས་ཀྱིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ནུས་པ་འདོན་སྤེལ་བྱེད་པ་ཐག་གཅོད་བྱས། དུས་མཉམ་དུ་ཞིང་ཕྱུགས་ཐོན་རྫས་ལས་སྣོན་བཟོ་གྲྭ་དང་ཞིང་ཚོང་ཁྲོམ་རའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གནད་འཁེལ་དབུལ་སྐྱོར་དང་སྐྱེ་ཁམས་བདེ་སྲུང་། མཁར་གྲོང་འཕེལ་རྒྱས་ཀྱི་གསོན་ཤུགས་བསྐྱེད་ནས། སྐྱེ་ཁམས་དང་དཔལ་འབྱོར་སྤྱི་ཚོགས་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་མངོན་འགྱུར་བྱས།

\"\"

ཐེངས་འདིའི་མཛད་སྒོར་ཞུགས་པའི་ཁུལ་དང་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།

28470f26e259f4e0ef72198d4ac7ff4f.jpg

གཅན་ཚ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་བསྟན་འཛིན་གྱིས་གཏམ་བཤད་གནང་བཞིན་པ།

f5da735b125f61121a451cacc3fc19f9.jpg

གཅན་ཚ་ཐང་ཞང་གི་ཧྲུའུ་ཅི་དཔའ་འབྲུག་གིས་མཛད་སྒོར་མགོ་འཛིན་བྱེད་བཞིན་པ།

\"\"

གཅན་ཚ་ཐང་ཞང་གི་ཞང་གཙོ་སངས་རྒྱས་དོན་གྲུབ་ཀྱིས་གཏམ་བཤད་གནང་བཞིན་པ།

\"\"

སྡེ་བའི་འཐུས་ཚབ་པ་འབྲུག་བྱམས་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།

\"\"

དབུལ་སྐྱོར་ཁྱིམ་ཚང་དག་གི་འཐུས་ཚབ་པ་ལྷ་ཆེན་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།

\"\"

དབུལ་སྐྱོར་ཁྱིམ་ཚང་དག་ལ་ཁང་གསར་གཏན་སྡོད་ཀྱི་ཁང་བའི་ལྡེ་མིག་གནང་བ།

\"\"

རོགས་སྒྲུབ་ལས་ཁུངས་དག་ལ་སེམས་འདུན་གྱི་ལེགས་སྐྱེས་འབུལ་བ།

\"\"

མཛད་སྒོའི་སྟེང་ཞུགས་པའི་སྡེ་བའི་མང་ཚོགས།

\"\"

འབྲེལ་ཡོད་འགོ་ཁྲིད་དག་ཁང་གསར་རེ་རེར་གཟིགས་ཞིབ་ཏུ་འགྲོ་བཞིན་པ།

\"\"

གྲལ་བསྒྲིགས་པའི་གནས་སྡོད་ཁང་གསར།

1.jpg

འདུས་སྡོད་ཁང་གསར།