བསྟུད་མར་ཉིན་འགའི་རིང་ལ། གཅིག་སྒྲིལ་རྫོང་གིས་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་པ་དང་། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་རྣམ་པ་དང་བྱེད་ཐབས་གསར་གཏོད་བྱས་ནས། གཞི་རིམ་མང་ཚོགས་ལ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས།
གཅིག་སྒྲིལ་རྫོང་གི་ས་རྒྱ་ཆེ་ཞིང་ལམ་ཐག་རིང་བ་དང་། སྡེ་བ་ཐར་ཐོར་ཆགས་པའི་ས་ཁམས་ཁོར་ཡུག་དང་རྒྱ་བོད་སྐད་གཉིས་ཀྱི་སྒྲོག་འགྲེལ་བྱེད་དགོས་པའི་བྱ་བའི་ཁྱད་ཆོས་ལ་ཁ་གཏད་དེ། གཅིག་སྒྲིལ་རྫོང་གིས་དར་དམར་སྒྲོག་འགྲེལ་རུ་ཆུང་བཙུགས་པ་དང་། སྡེ་བ་དང་ཁྱིམ་ཚང་དུ་སོང་ནས། ཡུལ་སྐད་ཀྱི་ལམ་ནས་འབྲོག་ཁུལ་གྱི་ཏང་ཡོན་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས། སྒྲོག་འགྲེལ་སྐབས་སུ། རྒྱ་བོད་སྐད་གཉིས་ཀྱི་སྒྲོག་འགྲེལ་ཡིག་ཆ་བཀྲམས་ནས། སྒྲོག་འགྲེལ་བྱ་འགུལ་སྤེལ་བའི་ཐད་ནས་ཤུགས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱས། མིག་སྔའི་བར་དུ། དར་དམར་སྒྲོག་འགྲེལ་རུ་ཆུང་གིས་སྒྲོག་འགྲེལ་ཐེངས་ཉིས་བརྒྱ་ལྷག་སྤེལ་བ་དང་། ཏང་ཡོན་དང་མང་ཚོགས་མི་སྟོང་བརྒྱད་ལ་ཕན་བཏགས།
ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བཟང་བོ་བྱེད་ཆེད། གཅིག་སྒྲིལ་རྫོང་གིས་རྟ་རྒྱུག་འགྲན་ཚོགས་སོགས་གྲངས་ཉུང་མི་རིགས་ཀྱི་དུས་ཆེན་བྱ་འགུལ་ཀྱི་གོ་སྐབས་དམ་འཛིན་བྱས་པ་དང་། འབྲོག་ཁུལ་ཏང་ཡོན་དང་མང་ཚོགས་ཀྱི་དགོས་མཁོ་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས། ཏང་ཡོན་མང་ཚོགས་ཀྱི་འདོད་བློ་ལྟར་སྒྲོག་འགྲེལ་བཟང་བོ་བྱས། དབུལ་ཕོངས་ཁྱིམ་ཚང་དུས་ལྟར་དབུལ་གྲོལ་གཏོང་ཆེད། ཕྱུགས་ཟོག་གསོ་སྤེལ་ལག་རྩལ་ཐད་ཀྱི་སྒྲོག་འགྲེལ་སྤེལ་བ་དང་། འབྲོག་པའི་བུད་མེད་ཚོས་ཕྱུག་བསྒྱུར་རྩལ་ནུས་ཁོང་དུ་ཆུད་པར་བྱེད་ཆེད། གསོ་སྦྱོང་རང་བཞིན་གྱི་སྒྲོག་འགྲེལ་བྱ་འགུལ་སྤེལ་ལ། རྩྭ་ཐང་གི་མེ་འགོག་དང་གནོད་འགོག་ཕྱུག་སྐྱོང་བྱེད་པར་ཁ་གཏད་དེ། རྩྭ་ཐང་གི་མེ་འགོག་ཐད་ཀྱི་གསོ་སྦྱོང་དང་གནོད་འགོག་ཕྱུག་སྐྱོང་གི་སྒྲོག་འགྲེལ་བྱ་འགུལ་སྤེལ། དེ་མ་ཟད་ད་དུང་ཐུམ་འབུའི་ནང་འགོག་བཅོས་སོགས་ཐད་ཀྱི་གཞུང་ལུགས་སྒྲོག་འགྲེལ་བྱ་འགུལ་རྩ་འཛུགས་བྱས། སྒྲོག་འགྲེལ་རུ་ཆུང་གི་ཁོངས་མིས་བབ་ཆགས་ཤིང་གོ་སླ་བའི་སྐད་ཆའི་ལམ་ནས་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་འགྲེལ་བཤད་བྱས་པ་དང་། འབྲོག་པ་མང་ཚོགས་ལ་རོགས་བྱས་ནས་ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་དཀའ་ཁག་དངོས་ཐག་བཅད།