མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་གིས་གསར་དུ་བསྒྲགས་པའི་གནམ་གཤིས་སྔོན་བརྡ་ལྟར་ན། ལུགས་གསར་ལོ་སར་གྱི་སྐབས་སུ་མཚོ་སྔོན་ལྷོ་ཕྱོགས་སུ་ཁངས་ཆུང་ཆུང་འབབ་རྒྱུ་ཡིན་པ་དང་། མཚོ་སྔོན་བྱང་ཕྱོགས་སུ་གནམ་ངོ་ཅུང་དྭངས་པ་ནས་སྤྲིན་མང་རྒྱུ་རེད།
ཞིབ་ཕྲའི་སྔོན་བརྡ་ལྟར་ན། ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་སུ་ཁངས་ཆུང་ཆུང་འབབ་རྒྱུ་ཡིན་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་མང་ཆེ་བར་གནམ་ངོ་དྭངས་པ་ནས་སྤྲིན་མང་རྒྱུ་རེད། ཚེས་སོ་གཅིག་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་སུ་ཁངས་ཆུང་ཆུང་འབབ་རྒྱུ་ཡིན་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཆ་མང་ཆེ་བར་སྤྲིན་མང་པ་དང་གནམ་ངོ་དྭངས་རྒྱུ་རེད། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན། ཡུས་ཧྲུའུ་ཁུལ་དང་མགོ་ལོག་ཁུལ་གྱི་ལྷོ་ཕྱོགས་ལ་ཁངས་ཆུང་ཆུང་འབབ་རྒྱུ་ཡིན་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཆ་མང་ཆེ་བར་སྤྲིན་མང་པ་ནས་གནམ་ངོ་དྭངས་རྒྱུ་རེད།