
བྱ་འགུལ་གྱི་ཡུལ་དངོས་རྣམ་པ།
ཞུང་ཧྭ་རྫོང་བུས་མདོ་ཞང་གིས་ལུགས་གསར་ལོ་སར་ལ་བསུ་བ་བྱེད་པ་དང་གསར་བརྗེའི་གླུ་དབྱངས་བླངས་ཏེ་ཏང་གི་བཀའ་དྲིན་ལ་བསྟོད་བསྔགས་བྱེད་པ་དང་ཏང་གི་རྗེས་སུ་འབྲངས་ཞེས་པ་བརྗོད་དོན་ཡིན་པའི་གླུ་དབྱངས་འགྲན་བསྡུར་སྤེལ།
ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་ཆེད། ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། བུས་མདོ་ཞང་ཏང་ཨུ་དང་སྲིད་གཞུང་གིས་ཞང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་རྩ་འཛུགས་བྱས་ཏེ་ལུགས་གསར་ལོ་སར་ལ་བསུ་བ་བྱེད་པ་དང་གསར་བརྗེའི་གླུ་དབྱངས་བླངས་ནས་ཏང་གི་བཀའ་དྲིན་ལ་བསྟོད་བསྔགས་བྱེད་པ་དང་ཏང་གི་རྗེས་སུ་འབྲངས་ཞེས་པ་བརྗོད་དོན་ཡིན་པའི་གླུ་དབྱངས་འགྲན་བསྡུར་སྤེལ། བྱ་འགུལ་ཁྲོད་ཚང་མས་སྤྲོ་བ་རབ་ཏུ་རྒྱས་པའི་སེམས་ཁམས་དང་སྙན་ཞིང་འཇེབས་པའི་གླུ་སྐད་ལ་བརྟེན་ནས་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་དང་། བུས་མདོ་ཞང་གི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཧུར་བརྩོན་ཡར་སྐྱེད་བྱེད་པའི་སྙིང་སྟོབས་མཚོན་པར་བྱས། ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད། བུས་མདོ་ཞང་ཡོངས་ཀྱི་ལས་བྱེད་པ་རྣམས་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱལ་ཁབ་ཀྱིས་ཞིབ་བཤེར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་པར་མ་ཟད། ཏང་ཡོན་ལས་བྱེད་པ་རྣམས་ལ་རང་འགུལ་སྒོས་བསམ་བློ་དང་བྱ་སྤྱོད་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་གཅིག་གྱུར་ཡོང་པ་དང་ལོ་གསར་བའི་ནང་བྱ་བ་བཟང་བོར་བསྒྲུབ་པར་སྐུལ་ལྕག་བཏང་ལ། བུས་མདོ་ཞང་གི་རིགས་སོ་སོའི་ལས་དོན་འཕེལ་རྒྱས་ཐད་རང་ནུས་ཀྱིས་སྟོབས་ཤུགས་འབུལ་དགོས་པའི་སྐུལ་མ་བཏང་།

བྱ་འགུལ་གྱི་འཁྲབ་སྟོན་ཡུལ་དངོས།

བྱ་འགུལ་ལས་བྱ་དགའ་ཐོབ་པ་ཁ་ཅིག་གི་པར།