མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དགོན་སྡེ་རུ་སྒྲོག་འགྲེལ་གཏིང་ཟབ་བྱེད་པའི་བྱ་འགུལ་སྤེལ།
2018.01.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

བསྟུད་མར་ཉིན་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་དང་མི་རིགས་ཆོས་ལུགས་སྡེ་ཁག་གིས་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་རྩ་འཛུགས་བྱས་ཏེ་རྣམ་པ་མང་པོའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ། མཉམ་དུ་འགྲེལ་བཤད་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ་ཁུལ་ཡོངས་སུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དགོན་སྡེ་རུ་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དུས་ཐོག་ཏུ་ཡང་དག་པའི་སྒོ་ནས་རྒྱ་ཆེའི་གྲྭ་བཙུན་རྣམས་ལ་བརྒྱུད་སྒྲོག་བྱེད་པར་འགན་སྲུང་བྱེད་ཆེདམགོ་ལོག་ཁུལ་གྱི་རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣ་བཅས་ཀྱིས་གྲུབ་པའི་མཉམ་འབྲེལ་སྒྲོག་འགྲེལ་ཚོགས་པ་ཁུལ་ཡོངས་ཀྱི་དགོན་སྡེ་རེ་དྲུག་ཏུ་ཟབ་ཞུགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་བདུན་ཅུ་ལྷག་སྤེལ་པར་མ་ཟད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་བོད་འགྱུར་མ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐད་ཀྱི་བོད་རྒྱ་སྐད་གཉིས་ཀྱི་དྲི་བ་བརྒྱ་རྩ་ཞེས་པ་སོགས་དྲིལ་སྒྲོག་རྒྱུ་ཆ་ཁྲི་གཅིག་ལྷག་རྒྱ་ཆེའི་གྲྭ་བཙུན་རྣམས་ལ་བྱིན། སྒྲོག་འགྲེལ་ཚོགས་པས་གོ་སླ་བའི་སྐད་ཆའི་ལམ་ནས་སློབ་གསོ་དང་ཞིང་ཕྱུགས། འཕྲོད་བསྟེན། སྤྱི་ཚོགས་ཉེན་ཚབས། དབུལ་སྐྱོར། ཐུམ་འབུའི་ནད་སྔོན་འགོག་བྱེད་པ་སོགས་ལ་དམིགས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་རྒྱ་ཆེའི་གྲྭ་བཙུན་རྣམས་ལ་བརྒྱུད་སྒྲོག་བྱས་པ་དང་གྲྭ་བཙུན་རྣམས་ཀྱིས་བཏོན་པའི་ཕྱོགས་གང་ཐད་ཀྱི་དྲི་བར་སེམས་ཞིབ་མོས་ལན་བཏབ་ནས་རྒྱ་ཆེའི་གྲྭ་བཙུན་རྣམས་ལ་སྤྱི་ཚོགས་ཀྱི་འཕོ་འགྱུར་ཁྲོད་དང་རང་སྟེང་གི་འགྱུར་ལྡོག་ཁྲོད་མི་རིགས་མཐུན་སྒྲིལ་གྱིས་མི་དམངས་མང་ཚོགས་ལ་སྐྲུན་པའི་བདེ་སྐྱིད་ལ་སྔར་ལས་རྒྱུས་ལོན་གཏིང་ཟབ་བྱེད་དུ་བཅུག་པ་དང་གྲྭ་བཙུན་ཚོར་ཏང་གི་དྲིན་དྲན་པ་དང་ཏང་ཀྲུང་དབྱང་གི་མཐར་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་གྱི་ལག་ལེན་ཁྲོད་ཞུགས་དགོས་པའི་སྣེ་ཁྲིད་བྱས།

རྣམ་པ་མང་པོའི་སྒྲོག་འགྲེལ་བྱས་པ་བརྒྱུད་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་ཚོར་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ཏང་གི་དམངས་ཕན་སྲིད་ཇུས། མི་རིགས་ཆོས་ལུགས་སྲིད་ཇུས་སོགས་ལ་སྔར་ལས་ཟབ་པའི་ངོས་ཟིན་ཡོད་པར་བྱས་པ་དང་གྲྭ་བཙུན་རྣམས་ཀྱི་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་མཐུན་པ་ཡོང་བའི་མོས་མཐུན་སེམས་པ་ཇེ་དྲག་ཏུ་བཏང་བར་མ་ཟད། རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་བརྩོན་སེམས་བསྐྱེད། ཚང་མས་ལང་ལོང་གིས་བསྟན་དོན། མུ་མཐུད་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཆོས་ལུགས་མཐུན་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུ་བ་དང་སྒྲོག་འགྲེལ་རྒྱུ་ཆ་སྟེར་བ་སོགས་ཀྱི་རྣམ་པར་བརྟེན་ནས་རྒྱ་ཆེའི་ཆོས་དད་མང་ཚོགས་ཁྲོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱེད་པ་དང་རང་ཉིད་ཀྱི་མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།