2017ལོའི་ཚུན་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་སྐོར་གྱི་ཇུས་ཆོད་གསར་བ་དང་བཀོད་སྒྲིག་གསར་བ་ལྟར། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་སྣེ་ཁྲིད་མཐུན་སྦྱོར་སྡེ་ཁག་གིས་མུ་མཐུད་དུ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་མཛུབ་སྟོན་ལ་ཤུགས་བསྣན་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རོགས་སྐྱོར་མཉམ་ལས་བརྗེ་རེས་བྱ་བའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱེད་ཡུལ་ཕྱོགས་ཀྱིས་ཀྲུང་དབྱང་གི་ཇུས་ཆོད་གཞི་འཛིན་སར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དང་ཞིང་ཆེན་ཡོངས་ཀྱི་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་རོགས་སྐྱོར་བྱ་བའི་ཐད་ཀྱི་རིམ་པ་མང་པོས་བརྗེ་རེས་བྱེད་པ་དང་། དེའི་ཁྲོད་རྒྱ་ཆེར་ཞུགས་པ། རིམ་སྤོར་ཤུགས་འདོན་བྱེད་པ། ཁྱབ་ཁོངས་རྒྱ་སྐྱེད་དང་རྒྱུ་སྤུས་མཐོར་འདེགས་བྱེད་པའི་རྣམ་པ་གསར་བ་སྐྲུན་པར་སྐུལ་འདེད་བཏང་།
ལོ་གཅིག་རིང་། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱེད་ཡུལ་ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་བརྗེ་རེས་ལ་ཤུགས་བསྣན་པ་དང་། བྱ་བར་བཀོད་སྒྲིག་བཟང་བོ་བྱེད་པ་དང་བྱ་བ་སྤེལ་བར་དམ་འཛིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བདེ་བླག་ངང་བསྡུས་པ་དང་། རྒྱལ་ཁབ་ཀྱི་སྣེ་ཁྲིད་མཐུན་སྦྱོར་སྡེ་ཁག་ལྔ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་འགོ་ཁྲིད་ཚོགས་འདུར་ཞུགས་ནས་མཛུབ་སྟོན་དང་བརྗེ་རེས་བྱས་ཏེ། རོགས་སྐྱོར་བྱ་བའི་ཐད་ཀྱི་རིམ་སྤོར་ཤུགས་འདོན་དང་། ཁྱབ་ཁོངས་རྒྱ་བསྐྱེད་པ་དང་རྒྱུ་སྤུས་མཐོར་འདེགས་བྱེད་པའི་རྣམ་པ་གསར་སྐྲུན་བྱེད་པའི་རྨང་གཞི་བརྟན་པོ་བཏིངས། དེ་དང་མཉམ་དུ། དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ནོར་སྲིད་ཉམས་རྒུད་དུ་འགྲོ་བའི་གནས་ཚུལ་འོག མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་སྐོར་ཞིག་གིས་ད་དུང་ལོ་ཧྲིལ་བོའི་མ་དངུལ་གཞི་ཁྱོན་བརྒྱ་ཆའི་བརྒྱད་ཀྱིས་ཁ་སྣོན་བྱེད་པ་རྒྱུན་འཁྱོངས་བྱས། ཐེན་ཅིན་གྲོང་ཁྱེར་གྱིས་ད་དུང་འཆར་གཞི་ལས་བརྒལ་ནས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་བཏང་སྟེ། རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་ཚན་རྩལ་ཁང་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱས། ཅང་སུའུ་ཞིང་ཆེན་གྱིས་ཧུར་ཐག་གིས་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་དང་མཚོ་ཤར་གྱི་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་བྱ་བའི་འགན་ཁུར་བ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཅིག་ས་ཡ་གཅིག་གཏོང་རྒྱུའི་འཆར་གཞི་བཟོས་ཡོད་ལ། མིག་སྔར་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ལག་བསྟར་བྱས། རོགས་སྐྱོར་བྱེད་མཁན་སོ་སོ་དང་སྤྱི་ཚོགས་ལས་རིགས་སོ་སོས་རོགས་སྐྱོར་བྱེད་ཡུལ་ས་ཁུལ་ལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ཞལ་འདེབས་སུ་ཕུལ་བ་དང་། ལོ་སྔོན་ལས་ལྡབ་གཅིག་གིས་ཇེ་མང་དུ་སོང་ཡོད། རྒྱ་ཆེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་མཚོ་སྔོན་བོད་ཁུལ་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱེད་རྒྱུ་དེ་རང་འགན་དུ་བརྩིས་ནས། ཟི་ལིང་གི་ལྷོ་བྱང་རིའི་ལྗང་བསྒྱུར་འགུལ་སྐྱོད་ཁྲོད་ཞུགས་ཏེ། མཚོ་སྔོན་གྱི་རོགས་སྐྱོར་ནགས་ཚལ་བསྐྲུན། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་་འཛམ་གླིང་གི་རང་བྱུང་ཤུལ་བཞག་གི་མིང་ཐོའི་ཁྲོད་འཇོག་པར་སྐུལ་འདེད་བྱེད་པའི་ཁྲོད་ཞུགས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་འགོ་ཁྲིད་བྱས་པའི་ས་མཚམས་ས་ཁུལ་གྱི་ཕྱིར་ཡོང་རི་དྭགས་ཀྱི་རིམས་ནད་འགོག་པ་དང་ཚོད་འཛིན་བྱེད་པའི་མ་ལག་སོགས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྒྱལ་ཁབ་ཀྱི་ཞིབ་འཇུག་འཆར་གཞི་རྣམ་གྲངས་གལ་ཆེན་ཁྲོད་བཞག
མཉམ་ལས་བརྗེ་རེས་རྒྱ་ཆེར་སྤེལ་བ་བརྒྱུད་དེ། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ཐད་ནས་མཚོ་སྔོན་དང་ནང་ལོགས། བོད་ཁུལ་དང་རྒྱབ་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་བར་གྱི་འབྲེལ་འདྲིས་སྦྲེལ་ཐག་དང་མཉམ་ལས་སྟེགས་བུ་གྲུབ་པར་བྱས། གཏེར་ལེན་ཁ་ནས་བསྡུས་པའི2017ལོའི་ཀྲེ་ཅང་གི་ཚོང་བས་དངུལ་གཏོང་དངུལ་བསྲེས་མཐོ་རིམ་གྲོས་ཚོགས་ནི་ཐོག་མར་ཀྲེ་ཅང་ཞིང་ཆེན་གྱིས་ཕྱི་ནས་བསྡུས་པའི་གྲོས་ཚོགས་ཡིན་པ་དང་། ཧྲང་ཧེ་ཡིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་བྱེད་པ་དང་ཐུམ་རྒྱག་པ། ཉོ་ཚོང་མ་ལག་འཛུགས་པའི་ཐད་རྒྱབ་སྐྱོར་བྱས་ནས། གངས་ལྗོངས་མགོ་ལོག་གི་ཚོང་རྟགས་གསར་སྐྲུན་བྱས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་ཧྲན་ཏུང་གཉིས་ཀྱིས་ཐོན་ལས་མཉམ་བསྲེས་བྱ་བ་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་དང་ཅང་སུའུ། ཧུའུ་པེ་ཞིང་ཆེན་བར་ནུས་ཁུངས་གསར་བའི་གློག་ཚད་ཉོ་ཚོང་གྲོས་མཐུན་བཀོད་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྱད་ཆོས་ཚོང་རྫས་པེ་ཅིན་གྱི་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ཁྱད་ཆོས་ཐོན་རྫས་འགྲེམ་སྟོན་ཚོགས་འདུར་འགྲེམ་སྟོན་བྱས་པ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཚོགས་པ་བཙུགས་ནས་ཐེན་ཅིན་ཚོང་གཏམ་གྲོས་ཚོགས་དང་རྒྱལ་ཡོངས་ཟས་རིགས་འགྲེམ་སྟོན་གྲོས་ཚོགས་ལ་ཞུགས། དེ་ལས་གཞན། རོགས་སྐྱོར་བྱེད་མཁན་སོ་སོས་ས་གཉིས་ཀྱི་སྡེ་ཁག་དང་སྨན་ཁང་། སློབ་གྲྭ ཁེ་ལས་བར་ཁ་གཏད་རོགས་སྐྱོར་འབྲེལ་བ་འཛུགས་པར་སྣེ་ཁྲིད་བྱས་པ་དང་། བརྗེ་རེས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། གནད་ཕིགས་རོགས་སྐྱོར་བྱ་བ་སྤེལ། ཀྲེ་ཅང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་བར་ཁ་གཏད་རོགས་སྐྱོར་བྱེད་པའི་ཐད་ནས་ཡོངས་སུ་ཁེབས་པར་བྱས་ལ། ཧྲན་ཏུང་གིས་མཚོ་བྱང་ཁུལ་གྱི་སློབ་འབྲིང་ཡོད་ཚད་བར་ཁ་གཏད་རོགས་སྐྱོར་འབྲེལ་བ་བཙུགས་པ་དང་། སློབ་ཆུང་བརྒྱ་ཆའི་བདུན་ཅུ་བར་ཁ་གཏད་རོགས་སྐྱོར་འབྲེལ་བ་བཙུགས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ད་དུང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་འགུལ་སྐྱོད་སྤེལ་ནས། མིག་སྔར་རྫོང་ཞེ་གཉིས་དང་རོགས་སྐྱོར་བྱེད་ཡུལ་གྱི་འབྲེལ་ཡོད་ས་ཁུལ་བར་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས།