དཔའ་ལུང་རྫོང་གི་ཞང་གི་དཔོན་པོ་བཅོ་བརྒྱད་ཀྱིས་དཀའ་ངལ་ཅན་གྱི་སྡེ་བའི་ཧྲུའུ་ཅི་དང་པོའི་འགན་ཁུར།
2018.01.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཉེ་ལམ། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གིས་རྫོང་ཡོངས་ཀྱི་སྡེ་བ་སྐོར་ཞིག་གི་སྐབས་བརྗེ་འདེམ་བསྐོའི་ཁྲོད་གནས་པའི་འགལ་བ་དང་ཉེན་ཁ་སོགས་འབུར་ཐོན་གནད་དོན་ལ་ཁ་གཏད་དེ། བྱེད་ཐབས་གསར་གཏོད་བྱས་པ་དང་། ཞང་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་བཅོ་བརྒྱད་བདམས་ནས་དཀའ་ངལ་ཅན་གྱི་སྡེ་བའི་ཧྲུའུ་ཅི་དང་པོའི་འགན་ཁུར་དུ་བཅུག

སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་འདེམ་བསྐོ་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ་དང་། སྐབས་བརྗེ་འདེམ་བསྐོ་སྐབས་ཀྱི་སྒྲིག་ལམ་ཐད་ཀྱི་ཉེན་ཁ་ལ་སྔོན་འགོག་བྱེད་པ། སྤྱོད་གཙང་སྲོལ་བཟང་གི་འདེམ་བསྐོའི་སྣང་ཚུལ་སྐྲུན་ཆེད། དཔའ་ལུང་རྫོང་གིས་ཐེངས་འདིར་དཀའ་ངལ་ཅན་གྱི་སྡེ་བའི་ཧྲུའུ་ཅི་དང་པོའི་འགན་ཁུར་བའི་ཞང་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་བཅོ་བརྒྱད་ལ་རེ་བ་གསུམ་བཏོན་ནས། རང་འགུལ་གསུམ་བྱེད་ཐུབ་པར་ཁག་ཐེག་བྱས། རང་འགུལ་གསུམ་ནི་རང་འགུལ་གྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། དུས་ཚོད་དང་པོའི་ནང་དཀའ་ངལ་ཅན་གྱི་གནད་དོན་སྡེ་བ་རུ་སོང་ནས་བྱ་བ་སྤེལ་བ་དང་། དངོས་སུ་བྱ་བའི་ཡུལ་དངོས་སུ་འགྲོ་བ་དང་དངོས་སུ་བཀོད་སྒྲིག་དང་སྐུལ་འདེད་གཏོང་བ་དང་། རང་འགུལ་གྱིས་འགན་འཁྲི་ཕྲག་ཏུ་བླངས་ནས། དཀའ་ངལ་ཅན་གྱི་གནད་དོན་སྡེ་བའི་སྐབས་བརྗེ་འདེམ་བསྐོ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་པ། རང་འགུལ་གྱིས་སྒྲིག་ལམ་དམ་པོ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། དཀའ་ངལ་ཅན་གྱི་གནད་དོན་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་འདེམ་བསྐོ་བྱ་བ་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་བཅས་ཡིན་ལ། དཀའ་ངལ་ཅན་གྱི་སྡེ་བ་རིམ་པའི་སྐབས་བརྗེ་བྱ་བའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་རྫོང་ཡོངས་ཀྱི་སྐབས་བརྗེ་བྱ་བ་བདེ་བླག་ངང་སྤེལ་བར་སྐུལ་འདེད་བཏང་།