མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་དུས་ཐོག་ཏུ་ཁངས་སྐྱོན་སྔོན་འགོག་བྱ་བ་བཟང་བོར་བསྒྲུབས།
2018.01.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་དང་པོའི་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཁངས་ཆེན་པོ་བབས་པ་དང་། ས་དེའི་གནམ་གཤིས་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཁངས་བབས་པའི་མཐུག་ཚད་ལ་ཧའོ་རྨིད་བདུན་གྲངས་ཆུང་གཅིག་ཡོད་པ་དང་ཁངས་གསོག་གི་གཏིང་ཚད་ལ་ལི་རྨིད་བདུན་གྲངས་ཆུང་བརྒྱད་ཡོད། ཐེངས་འདིའི་ཁངས་བབས་པའི་གནམ་གཤིས་ལ་དམིགས་ནས། རྨ་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་དུས་ཐོག་ཏུ་གནོད་སྐྱོབ་བྱ་བར་བཀོད་སྒྲིག་བྱས་པ་དང་ཞང་གྲོང་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ནུས་ལྡན་བྱེད་ཐབས་སྤྱད་དེ་ཧུར་ཐག་གིས་གནོད་འགོག་བྱ་བ་བཟང་བོར་བསྒྲུབས།

རྒྱུས་ལོན་བྱུང་བ་ལྟར་ན། རྨ་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་དུས་ཐོག་ཏུ་ཁངས་ཆེན་བབས་པའི་གནམ་གཤིས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་དུས་ཚོད་དང་པོའི་ནང་སྔ་མོ་ནས་འགོ་རྩོམ་པ་དང་སྔ་མོ་ནས་བཀོད་སྒྲིག་བྱེད་པའི་རྩ་དོན་ལྟར། གཟབ་ནན་གྱིས་ཁངས་སྐྱོན་སྔོན་འགོག་བྱེད་པའི་བྱ་བ་སྤེལ་བ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་འགན་ཁུར་མི་སྣས་རང་སྡེ་བའི་ཕྱུགས་ཟོག་གི་ཁ་གྲངས་དང་ཕྱུགས་འཚོ་བའི་གནས་ལ་རྒྱུས་ལོན་བྱས། ཟླ་དང་པོའི་ཚེས་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་བར་དུ་། རྫོང་ཡོངས་ཀྱི་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།

དེ་དང་མཉམ་དུ་། རྨ་སྟོད་རྫོང་གིས་འཕྲལ་བསྟུན་ཇུས་གཞི་གཞིར་བཟུང་ནས་། ཞང་དང་གྲོང་རྡལ་སོ་སོར་འཚོ་བའི་མཁོ་ཆས་དང་གཟན་རྩྭ་བྱིན་པར་མ་ཟད། སྤྱི་བདེ་དང་འགྲིམ་འགྲུལ་སོགས་སྡེ་ཁག་གི་མི་སྣ་རྩ་འཛུགས་བྱས་ཏེ་དུས་ཐོག་ཏུ་གཞུང་ལམ་སྟེང་གི་ཁངས་གསོག་གཙང་བཤེར་བྱས་ཏེ་གཞུང་ལམ་བདེ་བགྲོད་ལ་འགན་སྲུང་བྱས།