མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡོད་ཁུལ་སྟོང་གསུམ་དང་སུམ་བརྒྱ་གོ་གཉིས་ཀྱིས་བུད་མེད་འཐུས་མིའི་ཚོགས་ཆེན་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་བསྒྱུར།
2018.01.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

2017ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཆུའུ་ཏུང་ཁྲོན་བཟོ་ལས་ར་བའི་ཁུལ་ལི་ཅཱ་ཝན་གྲོང་རྡལ་ལི་ཅཱ་ཝན་སྡེ་བས་བུད་མེད་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་བསྡུས་ནས། སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་གཅིག་ལྕོགས་ཀྲུའུ་ཞི་གཞོན་པ་བདམས། མཚམས་འདིར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡོད་ཁུལ་སྟོང་གསུམ་དང་སུམ་བརྒྱ་གོ་གཉིས་ཀྱིས་བུད་མེད་འཐུས་མིའི་ཚོགས་ཆེན་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་བསྒྱུར་བའི་བྱ་བ་ཡོངས་འགྲུབ་བྱས་ནས། ཀྲུའུ་ཞི་སྟོང་གསུམ་དང་སུམ་བརྒྱ་དགུ་བཅུ་དང་གཅིག་ལྕོགས་ཀྲུའུ་ཞི་གཞོན་པ་སྟོང་བཞི་དང་སུམ་བརྒྱ་དོན་དགུ ལག་བསྟར་ཨུ་ཡོན་ཁྲི་གཅིག་དང་སྟོང་ལྔ་སུམ་བརྒྱ་ཉེར་བདུན་བཅས་བདམས།

གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ནི་ཏང་དང་སྲིད་གཞུང་གིས་གཞི་རིམ་གྱི་རྒྱ་ཆེའི་བུད་མེད་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ཟམ་པ་དང་སྦྲེལ་ཐག་ལྟ་བུ་ཡིན་ལ། ཐད་ཀར་བུད་མེད་ལ་རྩ་འཛུགས་བྱེད་པ་དང་བུད་མེད་དྲིལ་སྒྲོག་བྱེད་པ། བུད་མེད་ལ་སློབ་གསོ་གཏོང་བ། བུད་མེད་ལ་སྣེ་ཁྲིད་བྱེད་པའི་འགན་ཁུར་ཡོད། ཡིན་ན་ཡང་བྱ་བའི་སྟོབས་ཤུགས་ཞན་པ་ནི་དུས་ཡུན་རིང་བོའི་རིང་གི་སྡེ་བ་དང་སྡོད་ཁུལ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་བྱ་བའི་ཞན་ཆ་ཡིན་པས། རིགས་མི་འདྲ་བའི་བུད་མེད་རྩ་འཛུགས་ཀྱི་སྣེ་ཁྲིད་པ་དང་བུད་མེད་མང་ཚོགས་ཁྲོད་ཤན་ཤུགས་ལྡན་པ་དང་དམིགས་བསལ་གྱི་ཡོན་ཏན་ལྡན་པའི་བུད་མེད་རྐང་འཛིན་པ་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་དཔུང་སྡེ་ཁྲོད་ཞུགས་པར་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་བུད་མེད་བྱ་བ་དེ་སྔོན་ཆད་ཀྱི་སྡེ་བ་གཅིག་ལ་བུད་མེད་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་གཅིག་མ་གཏོགས་མེད་པའི་རྣམ་པ་ལས་དཔུང་སྡེའི་བྱ་བ་བསྒྲུབ་པར་བསྒྱུར་ཆེད། ཞིང་སྡེའི་བུད་མེད་ཀྱིས་སྲིད་ཞུགས་སྲིད་གླེང་བྱེད་པའི་བསྡུར་ཚད་མཐོར་འདེགས་བྱས་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་རྨང་གཞི་ཇེ་བརྟན་དང་བྱ་བ་ཇེ་བཟང་དུ་བཏང་ལ། 2017ལོར་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་འཐུས་མིའི་ཚོགས་ཆེན་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་བསྒྱུར་རྒྱུ་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅོས་བསྒྱུར་ཐད་ཀྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། གཟེར་འདེབས་ཀྱི་སྙིང་སྟོབས་ཁྱེར་ནས་གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་རྣམ་པ་བསྐྱར་འཛུགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་སྣང་བརྙན་བསྐྱར་སྐྲུན་བྱས།

2017ལོའི་ཟླ་དྲུག་པར་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོག་མར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཧི་ཡིན་གྲོང་རྡལ་ཏ་ཧྲི་ཅཱ་སྡེ་བ་ནས་ཚོད་ལྟའི་བྱ་བ་སྤེལ་ནས། མཚོ་སྔོན་ཞིང་ཆེན་གྱི་བུད་མེད་འཐུས་མིའི་ཚོགས་ཆེན་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་བསྒྱུར་བའི་བཅོས་བསྒྱུར་གྱི་མགོ་བརྩམས་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་བྱས་ལ། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་དམངས་སྲིད་ཐིན་གཉིས་དང་མཉམ་འབྲེལ་བྱས་ནས«ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡོད་ཁུལ་གྱི་བུད་མེད་འཐུས་མིའི་ཚོགས་ཆེན་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་བསྒྱུར་བའི་བྱ་བའི་སྐོར་གྱི་ལག་བསྟར་ཇུས་གཞི»པར་སྐྲུན་འགྲེམ་སྤེལ་བྱས་ཏེ། སྲིད་ཇུས་ཐད་ཀྱི་འགན་སྲུང་ཇེ་དྲག་ཏུ་བཏང་། «2017ལོའི་ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡོད་ཁུལ་གྱི་བུད་མེད་འཐུས་མིའི་ཚོགས་ཆེན་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་བསྒྱུར་བའི་བྱ་བའི་ཕྱོགས་སྟོན»གཏན་འབེབས་བྱས་ནས། གོ་རིམ་དང་ཚད་གཞི་དང་མཐུན་པའི་སྒོ་ནས་ལག་བསྟར་བྱས། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོས་ཀྱི་རང་སྟེང་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་བུད་མེད་འཐུས་མིའི་ཚོགས་ཆེན་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་བསྒྱུར་བའི་བྱ་བ་གསར་གཏོད་ལྡན་པའི་ངང་སྤེལ་བ་དང་། བུད་མེད་འཐུས་མིའི་ཚོགས་ཆེན་དེ་བུད་མེད་ཀྱི་ཁྱིམ་དང་ཞིང་སྡེ་འབྲོག་ཁུལ་དུ་ཚོགས་ནས། རྒྱ་ཆེའི་བུད་མེད་མང་ཚོགས་དེའི་ཁྲོད་ཞུགས་ཚད་ཇེ་མཐོར་བཏང་བ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ཤུན་ཤུགས་རྒྱ་སྐྱེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་བཅས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོག་མར་སྡེ་བ་དང་སྡོད་ཁུལ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཚན་ཁག་གི་ཁོངས་མི་ཡོངས་ལ་རེས་སྐོར་གསོ་སྦྱོང་བྱས་ཚར་བ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསར་དུ་བསྐོ་འཇོག་བྱས་པའི་སྡེ་བ་དང་སྡོད་ཁུལ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་སློབ་གསོ་གསོ་སྦྱོང་བྱ་བ་དེ་རྫོང་གི་གཞི་གསུམ་ལས་བྱེད་པའི་སློབ་གླིང་གི་གསོ་སྦྱོང་འཆར་གཞི་ཁྲོད་བཞག མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མུ་མཐུད་དུ་སྡེ་བ་དང་སྡོད་ཁུལ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཚན་ཁག་གི་ཁོངས་མིའི་རེས་སྐོར་གསོ་སྦྱོང་ཐད་ཤུགས་བསྣན་ནས། གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་གསོན་ཤུགས་ཇེ་དྲག་ཏུ་བཏང་།