མཚོ་སྔོན་ནས་རྒྱལ་ཁབ་རིམ་པའི་དལ་བའི་རང་བཞིན་གྱི་ནད་རིགས་ཕྱོགས་བསྡུས་སྔོན་འགོག་དཔེ་སྟོན་ས་ཁུལ་གཉིས་གསར་དུ་བསྣན།
2018.01.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་བཅུ་བདུན་ལོའི་བར་གྱི་རྒྱལ་ཁབ་རིམ་པའི་དལ་བའི་རང་བཞིན་གྱི་ནད་རིགས་ཕྱོགས་བསྡུས་སྔོན་འགོག་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་དཔྱད་ཞིབ་དང་བསྐྱར་ཞིབ་བྱས་པའི་མཇུག་འབྲས་བསྒྲགས་པ་ལྟར་ན། མཚོ་སྔོན་གྱི་ཟི་ལིང་གྲོང་ཁྱེར་མཁར་བྱང་ས་ཁུལ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གཉིས་རྒྱལ་ཁབ་དལ་བའི་རང་བཞིན་གྱི་ནད་རིགས་ཕྱོགས་བསྡུས་སྔོན་འགོག་དཔེ་སྟོན་ས་ཁུལ་སྐོར་ཁག་བཞི་བའི་གྲས་སུ་ཚུད་པ་གཏན་འཁེལ་བྱས། མིག་སྔའི་བར་དུ། མཚོ་སྔོན་དུ་ཁྱོན་བསྡོམས་རྒྱལ་ཁབ་དལ་བའི་རང་བཞིན་གྱི་ནད་རིགས་ཕྱོགས་བསྡུས་སྔོན་འགོག་ས་ཁུལ་གསུམ་གསར་འཛུགས་བྱས་ཡོད་པ་དང་། ཞིང་ཆེན་རིམ་པའི་དལ་བའི་རང་བཞིན་གྱི་ནད་རིགས་ཕྱོགས་བསྡུས་སྔོན་འགོག་དཔེ་སྟོན་ས་ཁུལ་ལྔ་ཡོད།