བསྟུད་མར་ཉིན་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས་གསར་གཏོད་རྣམ་པ་འབུར་ཐོན་བྱེད་པ་དང་གྲུབ་འབྲས་དངོས་ལ་དོ་སྣང་བྱས་ནས། ཡིག་སྐད་དེ་མང་ཚོགས་དང་ཁ་བརྡ་བྱེད་པའི་འཚོ་བའི་སྐོར་གྱི་སྐད་ཆ་རུ་བསྒྱུར་བ་དང་། མང་ཚོགས་ཀྱིས་ཉན་སྤྲོ་ཞིང་གོ་འདོད་པའི་རྣམ་པ་སྤྱོད་པ། བརྗེ་རེས་རང་བཞིན་དང་དམིགས་འབེན་རང་བཞིན་ལྡན་ཞིང་མི་སྣ་དབྱེ་བའི་སྒྲོག་འགྲེལ་བྱ་འགུལ་རྩ་འཛུགས་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྡེ་ཁག་དང་ཞིང་སྡེ། ཁེ་ལས། སློབ་ར། སྡོད་ཁུལ། དགོན་སྡེ། དྲ་ཚིགས་བཅས་སུ་སྒྲོག་འགྲེལ་བྱེད་པར་སྐུལ་འདེད་བཏང་།
སྒྲོག་འགྲེལ་བྱེད་ཡུལ་མི་འདྲ་བར་དམིགས་ནས་སྒྲོག་འགྲེལ་ཡན་ལག་རུ་ཁག་བཙུགས་ཏེ། སྒྲོག་འགྲེལ་ཁྱབ་ཁོངས་རྒྱ་སྐྱེད། རྫོང་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་སྟོབས་ཤུགས་གཙོ་བོ་བྱས་པའི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་བཙུགས་པ་དང་། གཞུང་ལུགས་རྐང་འཛིན་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ཁ་གཏད་པ་དང་བརྗེ་རེས་རང་བཞིན་གྱི་སྒྲོག་འགྲེལ་སྤེལ་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཞིང་སྡེ་འབྲོག་ཁུལ་ཡོངས་སུ་སྒྲོག་འགྲེལ་བྱས། སྲིད་ཇུས་ཁྲིམས་སྲོལ་སྐོར་སྐྱོད་སྒྲོག་འགྲེལ་ཚན་ཆུང་བཙུགས་པ་དང་། རྫོང་ཐད་གཏོགས་ལས་ཁུངས་ཀྱི་རྒྱ་བོད་སྐད་གཉིས་བྱང་ཆུབ་པའི་རྐང་འཛིན་སྟོབས་ཤུགས་གདན་ཞུ་བྱས་ནས། མང་ཚོགས་ཀྱི་དགོས་མཁོ་དངོས་ལ་དམིགས་ཏེ། ཧུར་ཐག་གིས་སྲིད་ཇུས་སྒྲོག་འགྲེལ་དང་སྲིད་ཇུས་འགྲེལ་ཀློག སྲིད་ཇུས་ཞབས་ཞུ་བཅས་མང་ཚོགས་ཀྱི་གམ་དུ་སྐྱེལ་ལ། རིག་རྩལ་རུ་ཁག་བཙུགས་ཏེ་གཞི་རིམ་དུ་སོང་ནས། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དེ་མི་རིགས་གླུ་གར་ཚོགས་པ་སོགས་ཀྱི་རྣམ་པ་མང་པོ་བརྒྱུད་དེ་སྒྲོག་འགྲེལ་བྱས་པ་དང་། བབ་ཆགས་ཤིང་གོ་སླ་བའི་སྐད་ཆའི་སྒོ་ནས་རྒྱ་ཆེའི་མང་ཚོགས་ཀྱི་གོ་བ་ལེན་ཐུབ་པ་དང་སེམས་སུ་འཛིན་ཐུབ་པར་བྱས། དགའ་བདེ་རྫོང་གི་ལས་བྱེད་པ་རྒན་པའི་དང་བླངས་ཞབས་ཞུ་རུ་ཁག་རྩ་འཛུགས་བྱེད་པ་དང་ཏང་ཀྲི་པུའུ་ཧྲུའུ་ཅི་བདམས་ནས། མིག་སྔར་གྱི་སྲིད་ཇུས་བྱེད་ཕྱོགས་དང་གནད་ཕིགས་དབུལ་སྐྱོར། ཁྲིམས་ལུགས་ཁྲིམས་སྲོལ། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་བྱ་བ་གཙོ་བོ་ཟུང་འབྲེལ་བྱས་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཇེ་བརྟན་དུ་བཏང་བ་མ་ཟད། སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་ཡིག་ཆ་བཀྲམས་པ་དང་བཞུགས་མོལ་ཚོགས་འདུ་བསྡུ་བ་སོགས་ཀྱི་རྣམ་པ་མང་པོ་སྤྱད་དེ་སྐོར་སྐྱོད་སྒྲོག་འགྲེལ་བྱས།
དེ་ལས་གཞན་དྲ་ཐོག་གི་སྒྲོག་འགྲེལ་དོ་སྣང་བྱེད་པ་དང་། མུ་མཐུད་དུ་སྒྲོག་འགྲེལ་གྱི་འདྲེན་བྱེད་གསར་གཏོད་བྱས་ནས། སྒྲོག་འགྲེལ་གྱི་སྣང་ཚུལ་བཟང་བོ་སྐྲུན། དྲ་ཚིགས་དང་སྐད་འཕྲིན། ལག་ཁྱེར་ཁ་པར་གྱི་མགྲོན་སྣེ་སོགས་སྟེགས་བུ་དང་། དྲིལ་སྒྲོག་འགྲེམ་པང་དང་ཐང་ཆེན་བརྙན་རིས། དྲིལ་སྒྲོག་ཡིག་ཆ་མར་བཀྲམས་པ་སོགས་ཀྱི་བྱེད་ཐབས་མང་པོ་སྤྱད་དེ་སྒྲོག་འགྲེལ་བྱས་ནས། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ལ་འགྲེལ་ཀློག་གསལ་བོ་བྱས་པ་དང་། དོགས་གནད་སེལ་བ་དང་ཐུན་མོང་ལྟ་བ་གྲུབ་པར་བྱས།