ཏང་ལ་དོ་དམ་ནན་མོ་བྱེད་པ་དང་འགོ་ཁྲིད་པར་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་ལག་བསྟར་བྱེད་ཆེད། 2017ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་འགོ་ཁྲིད་ལས་བྱེད་པའི་རྩིས་ཐོ་ལྔ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། རྒྱུན་མ་ཆད་པར་ལས་བྱེད་པའི་ལྟ་སྐུལ་དོ་དམ་ཐད་ཤུགས་བསྣན་པ་དང་། རྩིས་ཐོ་ལྔར་བརྟེན་ནས་ལས་བྱེད་པའི་གཏམ་སྤྱོད་ལ་ཚོད་འཛིན་བྱས།
རྒྱུ་ནོར་རྩིས་ཐོ་ཐད་ནས། མགོ་ཁྲིད་ལས་བྱེད་པས་རང་ཉིད་ཀྱི་དོན་དག་ཡར་ཞུ་བྱེད་པའི་ཐད་ཀྱི་ཁྲིམས་སྲོལ་གཉིས་ལག་བསྟར་ཞིབ་མོ་བྱས་ནས། དུས་བཀག་ལྟར་ས་ཁང་བདག་ཁོངས་དང་མ་རྐང་། ཐེབས་རྩའི་ཡོང་སྒོ་སོགས་ཁྱིམ་ནོར་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པ་དང་། རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་སུམ་བརྒྱ་དང་དོན་བརྒྱད་དང་ལས་གནས་གལ་ཆེན་སྟེང་གི་ཞང་དང་ཁི་རིམ་པའི་འགོ་ཁྲིད་ལས་བྱེད་པ་རེ་ལྔའི་འགུལ་རྣམ་རྒྱུ་ནོར་རྩིས་ཐོ་བཙུགས།
གཉེན་ཉེའི་རྩིས་ཐོ་ཐད་ནས། འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་བུ་ཕྲུག བུ་ཕྲུག་གི་བཟའ་ཟླའི་ལས་ཞུགས་གནས་ཚུལ་གྱི་ཐོ་འགོད་སྙན་སེང་དང་ནང་མིའི་གཉེན་སྟོན་དང་འདས་མཆོད། ཁྱིམ་མིའི་འགྱུར་ལྡོག་བཅས་ཐད་ནས་དུས་ལྟར་ཡར་ཞུ་བྱས་པ་དང་། ལས་ཁུངས་གཅིག་ཏུ་བྱ་བ་སྒྲུབ་བཞིན་པའི་གཉེན་ཉེའི་བར་དུ་བརྗེ་རེས་མི་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ལ། ཡར་ཞུ་མི་བྱེད་པ་དང་ཡང་ན་དུས་ལྟར་ཡོ་བསྲང་མ་བྱས་པའི་འགོ་ཁྲིད་ལས་བྱེད་པ་སོ་དགུ་ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་ཁྲིམས་ལྟར་ཆད་པ་བཅད་པ་དང་རྩ་འཛུགས་ཀྱིས་ཐག་གཅོད་བྱས་ནས། རང་ཉིད་ཀྱི་གཉེན་ཉེ་ཡར་འཐེན་པ་སོགས་ཀྱི་རུལ་སུངས་གནད་དོན་འབྱུང་བར་བཀག་འགོག་བྱས།
ཕྱི་རྒྱལ་དུ་འགྲོ་བའི་རྩིས་ཐོ་ཐད་ནས། གཞུང་དོན་དང་སྒེར་དོན་གྱི་ཆེད་དུ་ཕྱི་རྒྱལ་དུ་འགྲོ་བའི་ཆ་རྐྱེན་ཐད་ནས་ཞིབ་བཤེར་གཏན་འབེབས་ནན་མོ་བྱས་པ་དང་། རིམ་པ་བཞིན་ཆོག་མཆན་འགོད་པའི་གོ་རིམ་ལག་བསྟར་ནན་མོ་བྱེད་པ། ཕྱི་རྒྱལ་དུ་འགྲོ་བའི་དོ་དམ་ཆ་འཕྲིན་མཛོད་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། མིག་སྔའི་བར་དུ། བསྡོམས་པས་ཕྱི་བསྐྱོད་ལམ་ཡིག་དང་ལམ་ཤོག་ཉིས་བརྒྱ་དང་ཞེ་བརྒྱད་རྩིས་ལེན་བྱས་ནས། ཕྱི་རྒྱལ་དུ་འགྲོ་བའི་ཐོ་འགོད་སྙན་སེང་ཆད་ལུས་མེད་པ་དང་མི་སྒེར་གྱི་ལག་ཁྱེར་འཛིན་ཡིག་མི་བརྗེད་པ། ཁྲིམས་འགལ་བྱ་སྤྱོད་གཅིག་ཀྱང་མ་བྱུང་བའི་དམིགས་འབེན་མངོན་འགྱུར་བྱས།
ཞོར་འབབ་རྩིས་ཐོ་ཐད་ནས། རྫོང་གི་ཁྲུའུ་རིམ་པའི་ལས་བྱེད་པས་ཚོང་ལས་གཉེར་བ་དང་རྒྱལ་དབང་ཁེ་ལས་དང་། རྒྱལ་དབང་མ་རྐང་ཚོད་འཛིན་ཀུང་ཟི་རུ་ལས་འགན་ཁུར་བའི་གནས་ཚུལ་ལ་ཞིབ་བཤེར་དང་དབྱེ་འབྱེད་བྱས་པ་དང་། དུས་ལྟར་ཁྲིམས་དང་འགལ་བའི་འགན་གཅིག་ལྕོགས་སུ་ཁུར་བའི་མི་སྣར་གཙང་བཤེར་དང་དག་ཐེར་ལེགས་བཅོས་བྱས། བྱ་བའི་དགོས་མཁོའི་དབང་གིས་ཆོག་མཆན་བཀོད་དེ་འགན་གཅིག་ལྕོགས་སུ་འཁུར་བའི་མི་སྣར། འགན་གཅིག་ལྕོགས་སུ་ཁུར་བའི་ཐད་ཀྱི་ཟླ་ཕོགས་དང་བྱ་དགའི་དངུལ། ཞོར་ཕོགས། འགན་དབང་སོགས་ཕྱོགས་ཀྱི་ལམ་ལུགས་གཏན་ཁེལ་ལག་བསྟར་བྱས་པ་མ་ཟད། ལོ་རེར་རྩ་འཛུགས་སྡེ་ཁག་ལ་འགན་ཁུར་འགན་སྒྲུབ་དང་ནོར་དོན་བཀོལ་སྤྱོད་གནས་ཚུལ་ཐད་ནས་ཡར་ཞུ་བྱས།
གཏོང་ཡོང་རྩིས་ཐོའི་ཐད་ནས། འགོ་ཁྲིད་ལས་བྱེད་པའི་མི་སྒེར་གྱི་འབྲེལ་ཡོད་དོན་དག་དུས་ལྟར་ཡར་ཞུ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པ་དང་། རྫོང་འགོ་ཁྲིད་ལས་བྱེད་པ་དང་ཡང་ན་ལས་གནས་གལ་ཆེན་སྟེང་གི་ཁི་རིམ་པའི་ལས་བྱེད་པའི་ཁྱིམ་དོན་དང་ཁྱིམ་རྒྱུ་ལ་འགྱུར་ལྡོག་བྱུང་རྗེས་ཀྱི་ཉིན་སུམ་ཅུའི་ནང་རྩ་འཛུགས་སྡེ་ཁག་ཏུ་ཡར་ཞུ་བྱེད་པར་སྐུལ་འདེད་བྱས་ནས། རྒྱུན་མ་ཆད་པར་རུལ་སུངས་འགོག་རྒོལ་དང་འགྱུར་ལྡོག་ལ་སྔོན་འགོག་བྱེད་འགོག་ར་ཇེ་བརྟན་དུ་བཏང་།