མཚོ་སྔོན་ཞིང་ཆེན་གྱི་རྫོང་བཞིའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྒོ་བྱང་བཀལ།
2018.01.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཉེ་ལམ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་དམར་ལེབ་དང་འབྲི་སྟོད། རྫ་སྟོད། ནང་ཆེན་བཅས་རྫོང་བཞིའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྒོ་བྱང་བཀལ་ནས། མཚོ་སྔོན་ཞིང་ཆེན་གྱི་སྐོར་ཁག་དང་པོའི་རྫོང་རིམ་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས། དེས་མཚོ་སྔོན་ཞིང་ཆེན་གྱི་ལྟ་ཞིབ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཚོད་ལྟའི་བྱ་བའི་ཐད་ནས་དོན་དངོས་རང་བཞིན་གྱི་གོམ་སྟབས་བསྒྱུར་བ་མཚོན་ཡོད།

ཟླ་དང་པོའི་ཚེས་ལྔ་ཉིན། ཆུ་དམར་ལེབ་རྫོང་གི་སྐབས་བཅོ་ལྔ་བའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པའི་སྟེང་། ཆུ་དམར་ལེབ་རྫོང་གི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་རུའུ་ཅིན་རྫོང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས་པ་མ་ཟད། ཚོགས་འདུའི་ཡུལ་དངོས་ནས་རྩ་ཁྲིམས་དམ་བཅའ་བཞག དེའི་རྗེས་བསྡུས་པའི་རྫོང་དམངས་འཐུས་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་འདུའི་སྟེང་། གསར་དུ་བསྐོ་འཇོག་བྱས་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱིས་མིང་བཏོན་པ་ལྟར། ཁྲིམས་ལྟར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཨུ་ཡོན་འདེམ་བསྐོ་བྱས། དུས་ཚོད་གཅིག་ནང་། འབྲི་སྟོད་རྫོང་གི་སྐབས་བཅོ་ལྔ་བའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པའི་སྟེང་ཡང་། ཁྲིམས་ལྟར་རྫོང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའ་རིན་འདེམ་བསྐོ་བྱས་པ་དང་། རྫོང་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཨུ་ཡོན་འདེམ་བསྐོ་བྱས། ཟླ་དང་པོའི་ཚེས་དྲུག་ཉིན། རྫ་སྟོད་དང་ནང་ཆེན་རྫོང་གཉིས་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཡང་བསྟུད་མར་བཙུགས་ནས་སྒོ་བྱང་བཀལ། རྫོང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་རྗེས། རྫོང་དེ་དག་གི་སྤྱིའི་དབང་ཤུགས་སྤྱོད་པའི་གཞུང་ཞབས་པ་ཡོངས་ལ་ལྟ་ཞིབ་བྱེད་ཐུབ་པ་མངོན་འགྱུར་བྱས།

ངོ་སྤྲོད་ལྟར་ན། ཆུ་དམར་ལེབ་དང་འབྲི་སྟོད། རྫ་སྟོད། ནང་ཆེན་བཅས་རྫོང་བཞིའི་རྫོང་ཏང་ཨུས་ལྟ་ཞིབ་སྒྲིག་གཞི་བཅོས་བསྒྱུར་ཚོད་ལྟའི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། ཏང་ཨུའི་ཧྲུའུ་ཅིས་སྣེ་ཁྲིད་དེ་དམ་འཛིན་བྱས་ལ། སེམས་ཞིབ་མོས་རྩ་འཛུགས་དང་མཛུབ་ཁྲིད་བྱས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། འཆར་འགོད་བཟང་བོ་བྱས་ལ། བརྟན་བརླིང་ངང་བྱ་བ་སྤེལ་བ་མ་ཟད། ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱིས་གཏན་ཁེལ་བྱས་པའི་དུས་ཚོད་རེའུ་མིག་དང་ལམ་ཐིག་ལྟར། བྱ་བ་ནན་ཏན་གྱིས་སྤེལ། དེ་དང་མཉམ་དུ། རྩ་འཛུགས་པུའུ་དང་དམངས་འཐུས་ཚོགས་ཆེན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། སྒྲིག་ལུགས་གཞུང་སྒྲུབ་ཁང་སོགས་སྡེ་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་པ་དང་། སེམས་གཏམ་གླེང་བ་དང་མི་སྣར་ལྟ་ཞིབ་བྱེད་པ། ཚན་ཁག་གི་ཁོངས་མིའི་མིང་ཐོ་ཐད་ནས་ནང་གྲོས་བྱེད་པ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཚན་ཁག་འཛུགས་པ། མི་སྣ་མཉམ་བསྲེས་བྱེད་པ་སོགས་ཕྱོགས་ནས་མཉམ་ལས་བྱས་ནས། རྫོང་སོ་སོའི་ལྟ་ཞིབ་སྒྲིག་གཞི་བཅོས་བསྒྱུར་ཚོད་ལྟའི་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས།