སྐུ་ཞབས་བསྟན་འཛིན་ལ“2017ལོའི་ཀྲུང་གོའི་རིག་གནས་དམིགས་བསལ་མཛད་རྗེས་མི་སྣའི་བྱ་དགའ”ཐོབ།
2018.01.09 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 7

ཉེ་ཆར། སྐུ་ཞབས་བསྟན་འཛིན“ཀྲུང་གོའི་རིག་གནས་ཐོན་ལས་སློབ་གླིང་གི་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་བརྒལ་ཐད་གཏོང་དགོང་ཚོགས”སུ་ཞུགས་ཤིང་། ཁོང་ལ“2017ལོའི་ཀྲུང་གོའི་རིག་གནས་དམིགས་བསལ་མཛད་རྗེས་མི་སྣའི”བྱ་དགའ་ཐོབ་པ་རེད།

“ཀྲུང་གོའི་རིག་གནས་ཐོན་ལས་སློབ་གླིང་གི་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་བརྒལ་ཐད་གཏོང་དགོང་ཚོགས”དེ་ཟླ12པའི་ཚེས31ཉིན་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི4Kའཁྲབ་སྟོན་ཚོམས་ཆེན་དུ་ཚོགས་ཤིང་། བྱ་དགའི་རྣམ་གྲངས་རིགས་དགུ་བོ་ཡོངས་བསྒྲགས་བྱས་ཏེ། དྲ་རྒྱ་དང་། རིག་གཞུང་གསལ་འགྲེལ། ལས་རིགས་ཀྱི་ཁེ་དྲགས་ལྡན་པའི་དགོང་ཚོགས་གཟབ་རྒྱས་ཤིག་བསྡུས།

ཐེངས་འདིའི་དགོང་ཚོགས་ཀྱི་བརྗོད་དོན་ནི“དུས་རབས་གསར་བའི་རིག་གནས་ཀྱི་སྟོབས་ཤུགས”ཞེས་པ་ཡིན་ལ། ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་དང་། ཆིན་ཧྭ་སློབ་ཆེན། པེ་ཅིང་སློབ་ཆེན། ཧྲང་ཧེ་འགྲིམ་འགྲུལ་སློབ་ཆེན། ནན་ཅིང་སློབ་ཆེན། ཝུའུ་ཧན་སློབ་ཆེན། ནན་ཅིང་སྒྱུ་རྩལ་སློབ་གླིང་། ཧྲིན་ཀྲིན་སློབ་ཆེན་སོགས་རྒྱལ་ནང་དུ་སྐད་གྲགས་ཆེ་བའི་སློབ་གྲྭ་ཆེན་མོ 16 གི་རིག་གནས་ཐོན་ལས་ཞིབ་འཇུག་སྡེ་ཁག་གིས་གཙོ་སྒྲུབ་བྱས་པ་རེད། དགོང་ཚོགས་སྟེང་ཀྲུང་གོའི་རིག་གནས་ཐོན་ལས་སློབ་གླིང་གི་ལོ་འཁོར་དཔྱད་འདེམས་བྱ་འགུལ་སྤེལ་ཞིང་། བྱ་དགའི་རྣམ་གྲངས་ལ་རིག་གནས་ཤུགས་རྐྱེན་ཆེ་བའི་གྲོང་ཆེན་དང་། རིག་གནས་མི་སྣ། རིག་གནས་ཀྱིས་ཕྱུག་པའི་གྲོང་བརྡལ། རིག་གནས་ཐོན་ལས་གླིང་ཁུལ། རིག་གནས་ཚན་རྩལ་ཐོན་རྫས་སོགས་རིགས་དགུ་ཡོད། 

སྐུ་ཞབས་བསྟན་འཛིན་ལ“2017ལོའི་ཀྲུང་གོའི་རིག་གནས་དམིགས་བསལ་མཛད་རྗེས་མི་སྣའི”བྱ་དགའ་ཐོབ་ཅིང་། ཁོང་གིས། པེ་ཅིང་སློབ་ཆེན་དང་། ཆིན་ཧྭ་སློབ་ཆེན། ཀྲུང་གོ་སྨྱན་སྦྱར་སློབ་ཆེན་སོགས་སློབ་གྲྭ་ཆེན་མོ7ནི་ཀྲུང་གོའི་རིམ་པ་ཆེས་མཐོ་བའི་སློབ་གྲྭ་ཆེན་མོ་ཡིན་ལ། སློབ་གྲྭ་ཆེན་མོ་ནི་རིག་གནས་རྒྱུན་འཛིན་དང་། འཇོན་མི་སྐྱེད་སྲིང་། བསམ་བློའི་རྒྱགས་ཕྱེ་གནང་བའི་གཤིན་ས་བཅས་ཡིན་པས། སློབ་གྲྭ་འདི་དག་གིས་གནང་བའི་བྱ་དགའ་ཐོབ་པ་ནི་ཤིན་ཏུ་དགའ་འོས་པ་ཞིག་ཡིན་ཞིང་། རིག་གནས་ཐོན་ལས་ནི་གསར་དར་གྱི་མདུན་ལྗོངས་ཡངས་པའི་ཐོན་ལས་ཤིག་ཡིན་པས། རང་གིས་འདིའི་ཕྱོགས་ལ་ནུས་ཚོད་ཀྱིས་རྩལ་འདོན་རྒྱུ་ཡིན་ཞེས་གསུངས།