གུང་ཧོ་རྫོང་གིས་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་ཞང་གྲོང་བཅུ་གཅིག་གི་སྲིད་འཛིན་སྡེ་བ་གོ་དགུ་ལ་ཁེབས་པར་བྱས།
2018.01.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

2017ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་གསར་སྐྲུན་དམིགས་འབེན་གྱི་རེ་བ་ལ་གཞིགས་ནས། སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གིས་རིན་ཐང་སྣེ་ཁྲིད་དང་ཁྱིམ་ཚང་གི་སློབ་གསོ། ཁྱིམ་སྲོལ་འཛུགས་སྐྲུན་དང་ཡ་རབས་སྲོལ་བཟང་འཛུགས་པའི་ཁྲོད་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་པས། མིག་སྔའི་བར། སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་གུང་ཧོ་རྫོང་ཡོངས་ཀྱི་ཞང་གྲོང་བཅུ་གཅིག་གི་སྲིད་འཛིན་སྡེ་བ་གོ་དགུ་དང་སྡོད་ཁུལ་ཨུ་ཡོན་ལྷན་ཁང་བཅུ་དྲུག་ལ་ཁེབས་པར་བྱས།

བྱ་བའི་ཁྲོད་གུང་ཧོ་རྫོང་གིས་ཧུར་ཐག་གིས་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གི་མཉམ་ཤུགས་གྲུབ་པར་བྱས་ནས་མཁར་གྲོང་དང་ཞང་གྲོང་སྡོད་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་གསར་སྐྲུན་ཚད་གཞིའི་རིགས་དབྱེ་ཇེ་ཞིབ་ཏུ་བཏང་ཞིང་། སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གསར་སྐྲུན་བྱེད་པའི་བྱ་བར་རིམ་པ་གསུམ་གྱི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། མཁར་གྲོང་གི་སྡོད་ཁུལ་དུ་བསྟུད་མར་རྩ་འཛུགས་ལས་ཁུངས་བཙུགས་ནས་གསར་སྐྲུན་བྱ་བའི་འགན་འཁྲི་དངོས་འབེབས་བྱེད་པར་ལྟ་སྐུལ་བྱས། ཧུར་ཐག་གིས་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གི་དཔྱད་འདེམས་དེ་རྒྱལ་གཅེས་རང་ལུགས་ཀྱི་སློབ་གསོ་དང་ཟུང་འབྲེལ་བྱེད་པ་དང་། ཀུན་སྤྱོད་སློབ་གསོ་དང་ཟུང་འབྲེལ་བྱེད་པ། དབུལ་ཐར་མཁྲེགས་གཏོར་དང་ཟུང་འབྲེལ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དང་ཟུང་འབྲེལ་བྱེད་པ། མཁར་ཞང་གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ཟུང་འབྲེལ་བྱེད་པ་བཅས་ཟུང་འབྲེལ་ལྔའི་རྣམ་པ་འཚོལ་ཞིབ་བྱས་ཏེ། སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གི་སྣེ་ཁྲིད་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས།

དེ་ལས་གཞན། གུང་ཧོ་རྫོང་གིས་རྒྱ་ཆེ་ཞིང་གཏིང་ཟབ་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། མང་ཚོགས་ཀྱིས་སྲོལ་བཟང་དར་སྤེལ་བྱེད་པར་སྣེ་ཁྲིད་དང་། ཚན་རིག་དང་དཔལ་ཡོན། བདེ་ཐང་གི་འཚོ་བ་རོལ་སྟངས་ཆགས་པར་བྱས་ནས་མི་རེ་རེས་གསར་སྐྲུན་བྱ་འགུལ་གསལ་བོར་ཤེས་པ་དང་ཁྱིམ་ཚང་རེ་རེས་དཔལ་ཡོན་ཁྱིམ་ཚང་བརྩོན་ལེན་བྱེད་པའི་ཁ་དབུགས་ལེགས་པོ་ཞིག་སྐྲུན་པར་མ་ཟད། 2017ལོར། གུང་ཧོ་རྫོང་ཡོངས་སུ་ཁྱིམ་ཚང་ཁྲི་གསུམ་དང་སྟོང་བཞི་བརྒྱད་བརྒྱ་ཞེ་བརྒྱད་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གི་དཔྱད་འདེམས་ཁྲོད་ཞུགས་པ་དང་། སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་སྟོང་གསུམ་བརྒྱ་དང་ཞེ་གཅིག་དང་། སྐར་ལྔ་རིམ་པའི་དཔལ་ཡོན་དཔེ་སྟོན་ཁྱིམ་ཚང་བརྒྱ་དང་ང་བདུན་བདམས་ཐོན་བྱུང་།