ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་ཚོགས་པའི་ཚུན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་མུ་མཐུད་དུ་གཞི་རིམ་ནས་གཞུང་ལུགས་སྒྲོག་འགྲེལ་བྱེད་པའི་རྣམ་པ་སྤྱད་དེ། གཞུང་ལུགས་ཀྱི་དྲིལ་སྒྲོག་ནང་དོན་ཕུན་སུམ་ཚོགས་པར་བཏང་བ་དང་། ཚོགས་འདུ་རྣམ་པའི་སྒྲོག་འགྲེལ་དང་གཏམ་བཤད་བརྗེ་རེས་རྣམ་པའི་སྒྲོག་འགྲེལ། བཅར་འདྲི་རྣམ་པའི་སྒྲོག་འགྲེལ། སྐོར་སྐྱོད་འཁྲབ་སྟོན་རྣམ་པའི་སྒྲོག་འགྲེལ། སྨྱན་བྱད་གསར་བའི་རྣམ་པའི་སྒྲོག་འགྲེལ་བརྒྱུད་དེ་མང་ཚོགས་ཀྱིས་བལྟ་འདོད་པ་དང་ཉན་སྤྲོ་བའི་བྱེད་ཐབས་སྤྱད་ནས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་བྱས།
རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་རང་ས་གནས་ཀྱི་འབྲེལ་གཏུགས་བྱེད་གནས་དང་སྡེ་བ། ཁག་བགོས་དོ་དམ་སྡེ་ཁག་ནས་སྒྲོག་འགྲེལ་བྱས་ཤིང་། རོགས་སྐྱོར་འབྲེལ་བ་དང་འཚམས་འདྲི་བྱེད་པ་སོགས་ཀྱི་གོ་སྐབས་བཟང་བོ་བེད་སྤྱོད་བྱས་ཏེ། མང་ཚོགས་ཀྱིས་སེམས་ཁུར་དང་དོ་སྣང་བྱེད་པའི་དམངས་ཕན་སྲིད་ཇུས་སོགས་ཀྱི་གནད་དོན་ལ་དམིགས་ནས་སློབ་ཚན་འཆད་ཁྲིད་དང་རྩད་ཞིབ་རྣམ་པའི་སྒྲོག་འགྲེལ་བྱེད་ཐབས་ཀྱིས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་གཏིང་ཟབ་པའི་གསལ་རྟོགས་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་སྐྲུན་དང་བདེ་སྐྱོད་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་། སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་སྡེ་བ་སོ་སོའི་ཧྲུའུ་ཅི་དང་པོ། སྡེ་སྡོད་ལས་བྱེད་པས་ཁྱིམ་ཚང་རེ་རེར་སོང་ནས་བཅར་འདྲི་བྱེད་པའི་གོ་སྐབས་དང་བསྟུན་ནས་བཞུགས་མོལ་བྱེད་པ་དང་གཅིག་བསྡུས་ཀྱིས་སྒྲོག་འགྲེལ་བྱེད་པ། བཅར་འདྲི་རྣམ་པའི་སྒྲོག་འགྲེལ་སོགས་ནུས་ཡོད་བྱེད་ཐབས་སྣ་མང་སྤྱད་དེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་སེམས་དྲོ་བའི་སྒྲོག་འགྲེལ་ལེགས་པོ་བསྐྱལ་བ་དང་། ངེས་པ་དོན་གྱིས་ཏང་གི་སྐད་སྒྲ་གཞི་རིམ་དང་མང་ཚོགས་ཀྱི་སེམས་སུ་བསྐྱལ།
དེ་དང་མཉམ་དུ། རྨ་སྟོད་རྫོང་གིས་དྲ་རྒྱའི་ཁྱད་ཆོས་དང་དྲ་རྒྱའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་དྲ་ཚིགས་དང་སྐད་འཕྲིན་སྤྱི་སྟེགས། གཞུང་ཕྱོགས་འཕྲིན་ཕྲན། ཁ་པར་མགྲོན་སྣེ་སོགས་ཀྱི་སྟེགས་བུ་ཕྱོགས་བསྡུས་བེད་སྤྱོད་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏིང་ཟབ་བྱས།