མཚོ་ལྷོ་ཁུལ་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཁ་པར་མགྲོན་སྣེ་མཚོ་ཡི་ལྷོ་རྒྱུད་ཅེས་པ་གཉིས་ཀྱི་ཤར་གཏོང་མཛད་སྒོ་མཚོ་ལྷོ་ཁུལ་ཐོག་ཏུ་བསྡུས།
2018.01.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 14

ཟླ1པའི་ཚེས11ཉིན། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་། ཀྲུང་གོ་དངུལ་ཁང་མཚོ་ལྷོ་ཡན་ལག་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་མཚོ་ལྷོ་ཁུལ་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཁ་པར་མགྲོན་སྣེ་མཚོ་ཡི་ལྷོ་རྒྱུད་ཀྱི་ཤར་གཏོང་མཛད་སྒོ་མཚོ་ལྷོ་ཁུལ་རིག་གནས་སྨྱན་བྱད་ལྟེ་གནས་ཀྱི་འཁྲབ་སྟོན་ཚོམས་ཆེན་དུ་གཟབ་རྒྱས་ངང་བསྡུས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཡའེ་བན་པིན་དང་། ཁུལ་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་གསེར་མཚོ། ཁུལ་དཔོན་གཞོན་པ་བང་ཕེན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཅེན་མིན། ཁུལ་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ཀི་བིན་ཅོན་སོགས་འབྲེལ་ཡོད་མགོ་ཁྲིད་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ལྷོ་ཚགས་པར་ཁང་། མཚོ་སྔོན་པོ་དྲ་བ་སོགས་འབྲེལ་ཡོད་འགོ་ཁྲིད་དང་སྨྱན་བྱད་ལས་ཁུངས་ཀྱི་གསར་འགོད་པ་ཐེངས་འདིའི་མཛད་སྒོར་ཞུགས།

微信图片_20180111164414.jpg

མཚོ་ལྷོ་ཁུལ་ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཡའེ་བན་པིན་གྱིས་ཤིས་ཚིག་འབུལ་བཞིན་པ།

འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དྲིལ་བསྒྲགས་རིག་གནས་མ་ལག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་འགྱུར་དྲིལ་བསྒྲགས་བྱ་བའི་གལ་ཆེའི་གསུང་བཤད་རབས་དང་རིམ་པའི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། མཚོ་ལྷོ་ཁུལ་གྱི་དྲིལ་བསྒྲགས་རིག་གནས་ལས་གཞི་སྲ་བརྟན་དང་། གཙོ་རྒྱུགས་བསམ་བློའི་གླེང་ཕྱོགས་རྒྱ་བསྐྱེད་དང་སྨྱན་བྱད་མཉམ་འདྲེས་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་དོན་ཆེན་ཞིག་རེད།

微信图片_20180111164221.jpg

微信图片_20180111164440.jpg

མཛད་སྒོའི་ཡུལ་དངོས།

微信图片_20180111164407.jpg

མཛད་སྒོའི་ཡུལ་དངོས།

མཚོ་ལྷོ་ཁུལ་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཁ་པར་མགྲོན་སྣེ་མཚོ་ཡི་ལྷོ་རྒྱུད་ཅེས་པར་ནང་དོན་ཕུན་སུམ་ཚོགས་པ་ལྡན་ཏེ། གསར་འགྱུར་དང་། དམངས་འདུན། ཡུལ་སྐོར། འཚོ་བ། དངུལ་རྩ། ཆེད་དོན། ཕྱོགས་བསྡུས་སྒྱུ་རྩལ་སོགས་རིགས་སྣ་མང་པོ་འདུ་བ་དང་། ཐུན་མོང་མ་ཡིན་པའི་མཚོ་ལྷོའི་ཁྱད་ཆོས་འབུར་དུ་ཐོན་ཡོད། མཚོ་ལྷོ་ཁུལ་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཁ་པར་མགྲོན་སྣེ་མཚོ་ཡི་ལྷོ་རྒྱུད་ཀྱིས་ལག་ཐོགས་ཁ་པར་གྱི་མཉམ་འབྲེལ་དྲ་སྦྲེལ་མངོན་འགྱུར་བྱུང་བ་དང་། རྒྱང་སྒྲོག་བརྙན་འཕྲིན་དྲ་བ་དང་། འཕྲིན་གཏོང་དྲ་བ། བརྙན་འཕྲིན་བརྙན་ཤེལ། གློག་ཀླད་བརྙན་ཤེལ། ལག་ཁྱེར་ཁ་པར་གྱི་བརྙན་ཤེལ་བཅས་དྲ་གསུམ་ཤེལ་གསུམ་མཉམ་འདུས་བྱས་ཏེ་བརྙན་འཕྲིན་ཐད་གཏོང་དང་།བརྙན་ཟློས་གདམ་འཇོག སྐུད་གནས་ཞབས་ཞུ་དང་མཉམ་འབྲེལ་དྲ་སྦྲེལ་ཆ་འཕྲིན་ལ་ལྟ་བ་སོགས་ཀྱི་བྱེད་ནུས་ལྡན་པ་དང་། རིན་མེད་དང་སྒོ་འབྱེད་རང་བཞིན་གྱི་སྒྲོག་སྤེལ་སྟེགས་བུ་ཞིག་ཡིན། འདིས་ས་གནས་ཀྱི་བརྙན་འཕྲིན་ལེ་ཚན་ས་ཁོངས་དང་བར་སྟོང་བརྒལ་ནས་ཁྱབ་སྤེལ་གཏོང་བར་མངོན་འགྱུར་བྱུང་བ་དང་། འདི་ནི་རླུང་འཕྲིན་དང་བརྙན་འཕྲིན་གཉིས་ཀྱི་རྗེས་སུ་གསར་དུ་དར་བའི་གཙོ་རྒྱུགས་སྨྱན་གཟུགས་ཁྱབ་སྤེལ་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་ཞིག་ཡིན་ལ། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་གི་སྨྱན་གཟུགས་མཉམ་འདྲེས་ལས་དོན་འཕེལ་རྒྱས་ཐད་ཀྱི་ལག་ལེན་གསར་པ་དང་འཚོལ་ཞིབ་གསར་པ་ཞིག་ཀྱང་རེད།

微信图片_20180111164423.jpg

微信图片_20180111164430.jpg

ཁ་པར་མགྲོན་སྣེ།

微信图片_20180111164445.jpg

མཛད་སྒོར་ཞུགས་པའི་སྐུ་མགྲོན་ལྷན་རྒྱས།

 

མཛད་སྒོའི་སྟེང་མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཡའེ་བན་པིན་གྱིས་བཤད་རྒྱུར། ང་ཚོས་མཚོ་ལྷོ་ཁུལ་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཁ་པར་མགྲོན་སྣེ་མཚོ་ཡི་ལྷོ་རྒྱུད་ཅེས་པ་གཉིས་ཤར་གཏོང་བྱས་པ་བརྒྱུད། དུས་རབས་ཀྱི་འཕེལ་ཕྱོགས་གཙོ་བོ་དར་སྤེལ་དང་། དྲ་ཐོག་ནས་དྲང་ཕྱོགས་ནུས་ཚད་ཁ་སྣོན། འཆམ་མཐུན་དང་མཛེས་སྡུག་གི་མཚོ་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་གླེང་ཕྱོགས་ཀྱི་ཁོར་ཡུག་དང་དྲ་ཐོག་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་དང་དུས་རབས་ཀྱི་འཕེལ་ཕྱོགས་ལ་བསྟུན་ནས། མཉམ་འབྲེལ་དྲ་རྒྱ་དང་། དྲ་རྒྱའི་ཁྱབ་སྤེལ་ངོ་བོ་གསལ་རྟོགས་དང་། གསར་གཏོད་དང་འཕོ་འགྱུར་བྱེད་ཕོད་པ། མཉམ་འབྲེལ་དྲ་རྒྱའི་ཁྱད་ཆོས་དང་བཟང་ཆ་བེད་སྤྱོད་གང་ལེགས་བྱེད་པ། ལྟ་ཚུལ་དང་། ནང་དོན། བྱེད་ཐབས་། སྒྲིག་སྲོལ་སོགས་ཁྱོན་ཡོངས་ནས་གསར་གཏོད་དང་། མཉམ་འབྲེལ་དྲ་རྒྱའི་བསམ་གཞིག་སྤྱད་དེ་ཐོན་རྫས་གསར་པ་དང་ཐབས་ལམ་གསར་པ་བཏོད་པ། ཁ་པར་མགྲོནསྣེ་ལ་འཚམ་པའི་ཚབ་མཚོན་རང་བཞིན་གྱི་ལེ་ཚན་གསར་བཟོ་བྱེད་པའི་མཚུངས་སུ། རྒྱ་ཆེ་ལས་བྱེད་མང་ཚོགས་རྣམས་ཀྱིས་ལྟ་ན་འདོད་པའི་བརྩམས་ཆོས་ལེགས་པོ་དང་ཐོན་རྫས་ལེགས་པོ་བསྐྲུན་ནས། ཁ་པར་མགྲོན་སྣེ་ལས་མཚོ་ལྷོའི་གཏམ་བཟང་དོན་བཟང་ཁྱབ་སྤེལ་བྱེད་དགོས་ཞེས་བཤད།