ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྐད་གཉིས་ཤེས་ལྡན་མི་སྣའི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་རེ་བ་དང་བྱ་བའི་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ཕྱིར་གཏོང་སྒྲིག་གཞི་ལེགས་སྒྱུར་དང་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་ལ་སྦྲེལ་མཐུད་བྱེད་པ་སོགས་ནུས་ཡོད་བྱེད་ཐབས་སྤྱད་དེ། གནད་ཕིགས་ཤུགས་འདོན་བྱས་ནས་མུ་མཐུད་དུ་སྐད་གཉིས་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཞིང་། 2012ལོ་ནས2017ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བཞི་བཏང་སྟེ། ནུས་ཤུགས་ཡོད་རྒུས་སྐད་གཉིས་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་དང་སྐད་གཉིས་སློབ་གསོའི་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་བྱ་བ་སོ་སོར་རྒྱབ་སྐྱོར་བྱས་པས། ནུས་ཡོད་སྒོས་སྐད་གཉིས་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་གྱི་གཞི་རྩའི་དགོས་མཁོར་འགན་སྲུང་བྱས།
བོད་རྒྱ་སྐད་གཉིས་ཀྱི་དགེ་འོས་སློབ་མར་ཁ་གསབ་རོགས་དངུལ་སྟེར་བའི་སྲིད་ཇུས་ལག་བསྟར་བྱས་པ་དང་། བོད་རྒྱ་སྐད་གཉིས་དང་ཆེད་ལས་དགེ་རྒན་དཀོན་པའི་གསོ་སྐྱོང་ཁ་གསབ་རྐྱེན་སྲོལ་བཙུགས་ནས། ལོ་རེར་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་བདུན་བཀོད་སྒྲིག་བྱས་ཤིང་། བོད་ཁུལ་གྱི་ཁུལ་དྲུག་ལ་ཁ་གཏད་ནས་སློབ་མ་ཉིས་བརྒྱ་དོན་གཉིས་བསྡུས་ཏེ་སྐད་གཉིས་ཤེས་ལྡན་མི་སྣའི་དགེ་རྒན་གསོག་འཇོག་ཐད་རྨང་གཞི་ལེགས་པོ་བཏིངས། སྲིད་གཞུང་གིས་སློབ་སྔོན་སློབ་གསོའི་ཞབས་ཞུ་ཉོ་བ་ལག་བསྟར་བྱས་པ་དང་། 2015ལོའི་ཚུན་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་བྱིན་ཏེ་སློབ་གསོའི་ལས་གནས་ཁྲི་གཅིག་དང་སྟོང་གཅིག་ཉོས་པར་མ་ཟད། ཚོད་ལྟའི་ས་ཁུལ་ཞིང་ཆེན་ཡོངས་ཀྱི་རྫོང་ཞེ་ལྔར་ཁེབས་པས་ནུས་ཡོད་སྒོས་རོང་འབྲོག་ཁུལ་གྱི་སློབ་སྔོན་སློབ་གསོའི་དགེ་རྒན་མི་འདང་བའི་གནད་དོན་ཐག་གཅོད་བྱས།
མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་བརྒྱད་བཏང་ནས“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞི”དང་“ཞིང་ཆེན་གྱི་གསོ་སྦྱོང་འཆར་གཞི།”མི་རིགས་སློབ་གསོའི་དམིགས་བསལ་ཁ་གསབ་རོགས་དངུལ་སོགས་ལས་གཞི་ལག་བསྟར་བྱས་ཤིང་། སྐད་གཉིས་དགེ་རྒན་ཁྲི་བརྒྱད་དང་སྟོང་དྲུག་ལྔ་བརྒྱ་ལ་གསོ་སྦྱོང་བྱས་ཏེ་ཁྱོན་ཡོངས་ནས་མི་རིགས་ས་ཁུལ་གྱི་སློབ་གསོ་སློབ་ཁྲིད་སྤུས་ཚད་མཐོར་འདེགས་སུ་བཏང་། དེར་མ་ཟད་ལོ་རེར་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བདུན་བཀོད་སྒྲིག་བྱས་ནས་འོས་འགན་སློབ་གསོའི་དུས་རིམ་དུ་སྐད་གཉིས་བསླབ་གཞི་རིན་མེད་སྒོས་འདོན་སྤྲོད་བྱས་ཤིང་སློབ་མ་འབུམ་གསུམ་དང་ཁྲི་ལྔ་སྟོང་དགུ་ལ་ཕན་ཁེ་ཐོབ། དེ་དང་མཉམ་དུ། བོད་ཡིག་དྲ་རྒྱའི་རྨང་གཞིའི་ཤེས་བྱའི་གསོ་སྦྱོང་འཛིན་གྲྭ་དང་ཡོངས་འཛིན་ཤེས་བྱ་ཀུན་བཏུས་གྲངས་མཛོད་འཛུགས་སྐྲུན་ལས་གཞིའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ཤིང་། བསྡོམས་པས་མི་སུམ་བརྒྱ་དང་རེ་དྲུག་ལ་གསོ་སྦྱོང་བྱས་པས། བོད་རྒྱ་སྐད་གཉིས་ཤེས་ལྡན་མི་སྣའི་ཕན་ཚུན་ཡིག་སྒྱུར་དང་ཕན་ཚུན་མཉམ་འདྲེས་ནུས་པར་སྐུལ་འདེད་ཧ་ཅང་ཆེན་པོ་བྱས།
འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་བཏང་ནས་མཚོ་སྔོན་དགེ་འོས་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སྐད་གཉིས་དགེ་རྒན་གསོ་སྐྱོང་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྐད་གཉིས་ཤེས་ལྡན་མི་སྣའི་གསོ་སྐྱོང་བྱ་བར་ཆ་རྐྱེན་ལེགས་པོ་བསྐྲུན། ད་ལྟ་ཡོད་པའི་སློབ་ཁྲིད་ཐོན་ཁུངས་དང་རྒྱ་བོད་སྐད་གཉིས་སློབ་ཁྲིད་ཀྱི་ཐུན་མིན་དགེ་མཚན་ལ་བརྟེན་ནས་ཆེད་སྤྱོད་མ་དངུལ་བཏང་སྟེ་མཚོ་སྔོན་ཞིང་ཆེན་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་མཚོ་སྔོན་དགེ་འོས་སློབ་ཆེན་དུ“བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་ཤེས་ལྡན་མི་སྣའི་གསོ་སྐྱོང་གསོ་སྦྱོང་རྟེན་གཞི”དང“མི་རིགས་སྐད་ཡིག་ཁྲིམས་ལུགས་ཤེས་ལྡན་མི་སྣའི་གསོ་སྐྱོང་གསོ་སྦྱོང་རྟེན་གཞི”འཛུགས་པར་རྒྱབ་སྐྱོར་བྱས།
ཞིང་ཆེན་ཡོངས་ཀྱི་བོད་ཁུལ་བྱ་བའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཤིང་སྐད་གཉིས་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་དགོས་མཁོ་དང་དཀའ་ཁག གནད་དོན་ལ་འདང་བརྒྱབ་ནས་སྤྱི་ཚོགས་བཅོས་སྐྱོང་ཁ་གསབ་དང་ཤེས་ལྡན་མི་སྣའི་འཕེལ་རྒྱས་བཟོ་སྐྲུན་གྲོན་དངུལ། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སོགས་གྲོན་དངུལ་བཀོད་སྒྲིག་ལ་སྐུལ་འདེད་བྱས་པ་བརྒྱུད། 2012ལོའི་ཚུན་ལ། བསྡོམས་པས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་བཞི་ཁྲི་གསུམ་སྟོང་དྲུག་བཀོད་སྒྲིག་བྱས་ནས་བོད་སྐད་ཀྱི་ཁ་སྐད་ལ་ཤུགས་སྣོན་བྱེད་པའི་གསོ་སྦྱོང་དང་བོད་སྐད་ཀྱི་ཁ་སྐད་དགེ་རྒན་ལ་གསོ་སྦྱོང་བྱེད་པ་གཙོ་བོ་ཡིན་པའི་སྐད་གཉིས་ཤེས་ལྡན་མི་སྣའི་གསོ་སྦྱོང་བྱ་བར་གཙོ་གནད་དུ་རྒྱབ་སྐྱོར་བྱས་ལ། མཐོ་རིམ་སློབ་གྲྭའི་སློབ་ཁྲིད་གསོ་སྦྱོང་ནུས་ཤུགས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་ས་ཡ་གཉིས་ལྷག་བཀོད་སྒྲིག་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཉེན་རྟོག་སློབ་གླིང་གི་རྒྱ་བོད་སྐད་གཉིས་སློབ་ཁྲིད་ཁྱད་ལྡན་ཚོང་རྟགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཤིང་མི་ལྔ་བརྒྱ་ལ་ཉེ་བར་གསོ་སྦྱོང་བྱས།