མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་ཆབ་སྲིད་ལས་འགན་དང་པོ་དང་དམངས་ཚིས་བཟོ་སྐྲུན་དང་པོར་བརྩིས་ཏེ་ཏང་སྲིད་འགན་གཅིག་དང་ཙུའུ་ཀྲང་གཉིས་ཀྱི་བྱ་བའི་ལམ་ལུགས་གཟབ་ནན་གྱིས་ལག་བསྟར་བྱས་ཏེ་རྫོང་དང་ཞང་། སྡེ་ཁག སྡེ་བ་བཅས་རིམ་པ་བཞིའི་བྱ་བའི་ལས་འགན་གཏན་ཁེལ་གསལ་བོ་བྱས་པ་དང་དམིགས་འབེན་འགན་འཁྲི་དབྱེ་ཞིབ་ཞིབ་ཕྲ་བྱས་པར་མ་ཟད། རིམ་པ་རེ་རེ་བཞིན་དམིགས་འབེན་འགན་འཁྲིའི་ཡི་གེ་བཀོད་དེ་བྱ་བ་དོན་འཁྱོལ་བྱེད་པ་དམ་འཛིན་བྱས་པ་དང་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་བྱ་བ་སོ་སོར་ཕན་ནུས་ཐོབ་པར་བྱས།
གནད་ཕིགས་དབུལ་སྐྱོར་བྱ་བའི་ཁྲོད། ཀོས་ནན་རྫོང་གིས་རྩ་འཛུགས་འགན་སྲུང་ནུས་པ་ཇེ་དྲག་ཏུ་བཏང་སྟེ་དུས་ཐོག་ཏུ་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་ལེགས་སྒྲིག་བྱས་པ་དང་རྫོང་རིམ་པའི་དབུལ་ཐར་མཁྲེགས་གཏོར་མཛུབ་སྟོན་ལྟེ་གནས་བཙུགས་ཏེ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ལ་ཅུའུ་ཀྲང་གཞོན་པ་གཅིག་དང་ལས་སྒོའི་རྐང་འཛིན་མི་སྣ་བཅུ་གསུམ་བཀོད་སྒྲིག་བྱས་ཏེ་རྫོང་དབུལ་སྐྱོར་ཅུའུ་ཡི་བྱ་བའི་སྟོབས་ཤུགས་ཇེ་ཆེར་བཏང་བ་དང་། ཧྲུའུ་ཅི་དང་པོ་སོ་གཅིག་དང་སྡེ་སྡོད་ལས་བྱེད་མི་སྣ་ཞེ་ལྔ་མངགས། ཞང་དང་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ལས་འགན་གཙོ་བོ་དང་ལས་རིགས་སྡེ་ཁག་གི་འགན་འཁྲི་གཙོ་བོ་གཏན་ཁེལ་གསལ་བོ་བྱས་ཏེ་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།
དེ་དང་མཉམ་དུ། ཀོས་ནན་རྫོང་གིས་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་གཙོ་གནད་འབུར་ཐོན། བཀོད་སྒྲིག་ཞིབ་ཚགས། ལས་འགན་དམ་འཛིན་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་བཏང་། འདས་པའི་ལོ་གཅིག་གི་རིང་ལ། སྔ་གཞུག་ཏུ་དབུལ་སྐྱོར་ལས་བྱེད་པའི་དཔུང་སྡེ་རྩ་འཛུགས་བྱས་ཏེ་ཞིང་ཆེན་ཕྱི་ནང་དུ་སོང་ནས་ལྟ་སྦྱོང་སློབ་སྦྱོང་ཐེངས་བདུན་བྱས་པ་དང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་རང་འགུལ་སྒོས་ལས་འགན་ལག་བསྟར་བྱས་ཤིང་། རྫོང་ཡོངས་ཀྱི་རྫོང་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་ཞང་དང་སྡེ་བ། ཁྱིམ་ཚང་བཅས་ལ་འབྲེལ་མཐུད་བྱེད་པའི་ལམ་ལུགས་གཟབ་ནན་གྱིས་དོན་འཁྱོལ་བྱས་པ་དང་རང་གིས་དངོས་སུ་སྣེ་ཁྲིད་དེ་ཞང་དང་གྲོང་རྡལ། སྡེ་བ། གཞིས་ཁུལ་བཅས་སུ་ཟབ་ཞུགས་བྱས་ནས་གནད་ཕིགས་དབུལ་སྐྱོར་བྱ་བར་མཛུབ་སྟོན་བྱས་ནས་གྲུབ་འབྲས་མངོན་གསལ་བླངས།