ཟླ་གཉིས་པའི་ཚེས་གཉིས་ཉིན། གསར་འགོད་པས་ཞིང་ཆེན་གཞུང་ལམ་འགྲུལ་སྐྱེལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་སར་སྐྱེལ་འདྲེན་གྱི་ཉིན་དང་པོར་ཞིང་ཆེན་ཡོངས་ནས་བསྡོམས་པས་འགྲུལ་སྐྱེལ་རླངས་འཁོར་སྟོང་གཉིས་དང་ལྔ་བརྒྱ་ཉེར་བརྒྱད་མངགས་གཏོང་བྱས་ཏེ་འགྲུལ་པ་འབུམ་གཅིག་དང་ཁྲི་གཅིག་ལྷག་གི་འགྲུལ་སྐྱེལ་གྱི་ཚད་མངོན་འགྱུར་བྱས་པ་དང་། དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་གསུམ་གྱིས་ཇེ་དམར་སོང་ཡོད།
ཟླ་གཉིས་པའི་ཚེས་གཅིག་ཉིན། ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་ཆེན་ཡོངས་ཀྱི་ལོ་སར་སྐྱེལ་འདྲེན་བྱ་བ་ཁྱོན་ཡོངས་ནས་འགོ་བརྩམས། ལོ་སར་སྐྱེལ་འདྲེན་བྱ་བའི་བླང་བྱ་ལྟར། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་བདེ་འཇགས་ཨང་དང་པོ་ཡིན་པ་དང་འགན་སྲུང་ནུས་ཡོད་ཡིན་པ། སྟབས་བདེ་ཡིན་པ། ཞབས་ཞུ་གཙོ་ཡིན་པའི་སྤྱིའི་བླང་བྱ་གཞིར་བཟུང་ནས་ལོ་སར་གྱི་སྐྱེལ་འདྲེན་བྱ་བ་སྤེལ་བཞིན་ཡོད། ལོ་སར་སྐྱེལ་འདྲེན་བྱ་བ་འགོ་བརྩམས་པའི་ཉིན་དང་པོར། གཞུང་ལམ་འགྲིམ་འགྲུལ་ཁེ་ལས་དང་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་ཀྱིས་འགྲུལ་པའི་མི་གྲངས་ཀྱི་འགྱུར་ལྡོག་ལ་སྔོན་དཔག་བྱས་ཏེ་འགྲུལ་སྐྱེལ་བྱ་བར་ཤུགས་ཡོད་སྒོས་བཀོད་སྒྲིག་བྱས་པ་དང་རྣམ་པ་སྣ་མང་གི་དམངས་ཕན་ཞབས་ཞུའི་བྱེད་ཐབས་སྤྱད་དེ་འགྲུལ་པ་ཚོར་སྤུས་ཚད་མཐོ་ཞིང་སྟབས་བདེ་བདེ་འཇགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས།
ཚོད་དཔག་བྱས་ན། ད་ལོའི་ལོ་སར་སྐྱེལ་འདྲེལ་སྐབས་སུ་རང་ཞིང་གི་གཞུང་ལམ་འགྲུལ་སྐྱེལ་གྱི་ཚད་མི་ཐེངས་ས་ཡ་དྲུག་ལ་བསླེབ་སྲིད་པ་དང་ཉིས་སྟོང་བཅུ་བདུན་ལོའི་དུས་མཉམ་དང་དོ་མཉམ་ཡོང་རྒྱུ་རེད།