བོད་རབ་རྒྱན་ས་ཕོ་ཁྱི་ལོའི་གནམ་ལོ་གསར་བའི་རྟེན་འབྲེལ་མཛད་སྒོ་ཟི་ལིང་དུ་བསྡུས།
2018.02.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 11
སྤྱི་ཟླ་གཉིས་པའི་ཚེས་གསུམ་ཉིན་གྱི་སྔ་དྲོར། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་བྱས་པའི་བོད་རབ་རྒྱན་ས་ཕོ་ཁྱི་ལོའི་གནམ་ལོ་གསར་བའི་རྟེན་འབྲེལ་མཛད་སྒོ་ཟི་ལིང་ཏུང་ཧུའུ་གསོལ་མགྲོན་ཁང་དུ་གཟབ་རྒྱས་ངང་བསྡུས།  མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་གཅོད་པ་དོན་གྲུབ་གྱིས་ཐོག་མའི་ལོ་སར་གྱི་ཤིས་ཚིག་ཕུལ་བ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་ཟུར་པ་སྟག་འབུམ་ཐར། མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ངག་དབང་བསོད་ནམས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོ་སོའུ་དོན་འགྲུབ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོ། དེ་མིན་ད་རུང་རང་ཞིང་གི་ཐེན་དང་ཅུའུ་སོ་སོའི་འགོ་ཁྲིད་ལས་བྱེད་པ་དང་། ཟི་ལིང་ས་ཁུལ་གྱི་བོད་རིགས་སྤུན་ཟླ་མང་པོ་ལྷན་གཅིག་ཏུ་གནམ་ལོ་གསར་ཚེས་ཀྱི་མཛད་སྒོར་ཞུགས།
མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་གཅོད་པ་དོན་གྲུབ་གྱིས་ཤིས་ཚིག་ལས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་དུ། མཚོ་སྔོན་ཞིང་ཆེན་རིགས་སོ་སོའི་མི་དམངས་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཡོངས་ལ་གཅིག་གྱུར་བཀོད་འདོམས་དང་། ཚན་རིག་གི་ཇུས་ཆོད་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཉེ་སྔོན་སོ་མ་བསྡུས་ཚར་བའི་ཞིང་ཆེན་ཚོགས་ཆེན་གཉིས་ཀྱི་ཇུས་ཆོད་ལ་སློབ་སྦྱོང་བྱས་ཏེ་ཏན་ཏན་ཏིག་ཏིག་བཞིའི་བསམ་བློའི་དགོངས་དོན་ལག་ལེན་དང་བསྒྱུར་བ་བཞི་ཡི་བླང་བྱ་གལ་ཆེན་ལ་སྐུལ་འདེད་བྱས་ནས།  མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གཅིག་གྱུར་གྱིས་འཕེལ་རྒྱས་སུ་བཏང་བ་མ་ཟད། མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་གསར་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་པས། ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བ་དང་བསྟུད་མར་གཏན་འཇགས་ཡིན་པའི་མཚོ་སྔོན་གྱི་རྣམ་པ་བཟང་བོ་མངོན་དུ་གྱུར། བླངས་པའི་གྲུབ་འབྲས་འདི་དག་ནི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་རྒྱུན་འཁྱོངས་བྱས་པའི་གྲུབ་འབྲས་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཡོངས་ཀྱིས་མཐུན་སྒྲིལ་དང་འཆམ་མཐུན་ལ་དོ་སྣང་བྱས་པ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། དཀའ་སྤྱད་འབད་བརྩོན་བཅས་བྱས་པའི་གྲུབ་འབྲས་ཀྱང་ཡིན་པས། གྲུབ་འབྲས་དེའི་ཁྲོད་དུ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱི་དཀའ་སྡུག་གི་རྔུལ་ཆུ་འཐིམས་ཡོད།    
མཛད་སྒོའི་སྟེང་དུ་གླུ་གར་རྩེད་རིག་གི་ལེགས་སྐྱེས་ཇ་ནོམ་པ་བཀོད་སྒྲིག་བྱས་ཡོད་ལ། སྙན་པའི་གླུ་དང་མཛེས་པའི་བྲོ་གར་གྱི་སྤྲོ་དགའི་ཀློང་ནས་སྐུ་མགྲོན་རྣམས་ཀྱིས་ཕན་ཚུན་ལ་གནམ་ལོ་གསར་བའི་ནང་མི་ལ་ན་ཚ་མེད་པ་དང་ཕྱུགས་ལ་གོད་ཁ་མེད་པའི་ཁ་གཡང་དང་སྨོན་འདུན་སྒྲོག་བཞིན་ཡོད། 
微信图片_20180203150647.jpg
གནམ་ལོ་གསར་བར་སྐྱིད་དང་གཡང་གིས་འཛོམས།
微信图片_20180203150714.jpg
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ལོ་སར་འཁྲབ་སྟོན་ལ་གཟིགས་བཞིན་པ། 
微信图片_20180203150719.jpg
མཚོ་སྔོན་ཞིང་ཆེན་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་ཟུར་པ་སྟག་འབུམ་ཐར་གྱིས་ལོ་སར་འཁྲབ་སྟོན་ལ་གཟིགས་བཞིན་པ། 
微信图片_20180203150657.jpg 
མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་གཅོད་པ་དོན་གྲུབ་གྱིས་ལོ་སར་གྱི་ཤིས་ཚིག་འབུལ་བཞིན་པ།     
微信图片_20180203150702.jpg
བཀྲ་ཤིས་གནམ་ལོ་གསར་བར། གཡང་གི་རུ་མ་འཁོར་ཤོག      
微信图片_20180203150708.jpg
ལུས་ཀྱི་ལྡེམ་འགྲོས་བར་ནས། ལང་ཚོའི་མཆོད་པ་ཕུལ་ཡོད། 
微信图片_20180203150736.jpg
སྙན་མོ་ངག་གི་འགྱུར་ཁུག་ཁྲོད་ནས།  དུས་རབས་གསར་བའི་རང་སྒྲ་བསྟོད། 
微信图片_20180203150725.jpg
འཛོམས་གསུམ་འཛོམས་པའི་དུས་འདི། སྨོན་འདུན་སྟོང་གིས་བསུས་ཡོང་། 
微信图片_20180203153706.jpg
བདེ་མོ་གར་གྱི་སྟངས་སྟབས་དབུས་ནས།།  དུས་རབས་གསར་བའི་དབུ་ཁྱུད་བྲིས།།
 
གསར་འགོད་པ། རྟ་མགྲིན་སྐྱབས།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ། 
སྤྱིའི་ལྟ་སྐུལ་བ། རྣ་བྷ།