མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་མ་ལག་གི་འགན་ཁུར་མི་སྣས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་གསོ་སྦྱོང་འཛིན་
2018.02.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

 ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་མ་ལག་གི་འགན་ཁུར་མི་སྣས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་པ་སོ་སོ། ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས། མཐོ་རིམ་སློབ་གྲྭའི་རྩ་འཛུགས་མི་དོན་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་མི་བརྒྱ་དང་ཞེ་ལྔ་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་དུས་སྐབས་གཉིས་སུ་བགོས་ཏེ་སྤེལ་བ་དང་གསོ་སྦྱོང་དུས་ཡུན་ཉིན་དྲུག་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན། བློ་མཐུན་ཁྲིན་ཞི་ཡིས་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་གྲོས་ཚོགས་སྟེང་གི་གཏམ་བཤད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བཅས་གཙོ་བོར་བཟུང་ནས་གསོ་སྦྱོང་དང་སློབ་སྦྱོང་བྱས། ཐེངས་འདིའི་གསོ་སྦྱོང་གིས་ཆེད་དོན་ཟུར་ཁྲིད་བྱེད་པ་དང་གཅིག་བསྡུས་རང་སྦྱོང་བྱེད་པ། ཚན་ཆུང་བགོས་ཏེ་ཞིབ་བསྡུར་བྱེད་པ་སོགས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ་གསོ་སྦྱོང་བྱས་པ་དང་གསོ་སྦྱོང་ལ་ཞུགས་པའི་མི་སྣ་ཡོངས་ཀྱིས་ཚད་མཐོ་བའི་ཆབ་སྲིད་རང་རྟོགས་ཀྱིས་སློབ་སྦྱོང་དང་ཞིབ་བསྡུར་བྱས་ལ། རིག་གཞུང་དང་དངོས་ཡོད་གནད་དོན་གལ་ཆེན་སྟེང་ངོས་ཟིན་སྔར་ལས་གཏིང་ཟབ་ཏུ་བཏང་། ཚང་མས་གཅིག་གྱུར་སྒོས་བལྟས་ན། གསོ་སྦྱོང་བྱས་པ་བརྒྱུད། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་བྱ་བའི་སྤྱིའི་བླང་བྱར་རྒྱུས་ལོན་ཡང་དག་བྱས་པ་དང་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་བྱ་བའི་ལས་འགན་གཙོ་བོ་གཏན་ཁེལ་བྱས་ལ། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་བྱ་བའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་བར་སྙམ། ཚང་མས་གཅིག་གྱུར་སྒོས་བསྟན་དོན། དོན་དངོས་དང་མཐུན་པའི་སྒོ་ནས་རང་སྟེང་ནས་དམ་འཛིན་དང་སྐུལ་འདེད་དམ་འཛིན་བྱེད་པའི་ལས་འགན་གཉིས་ཕྲག་སྟེང་དུ་བླངས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་བྱེད་པ་དང་ལྷག་པར་དུ་རྩ་འཛུགས་བྱ་བའི་ལས་བྱེད་པར་སྣེ་ཁྲིད་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་བརྩོན་སེམས་དེ་མིག་སྔར་གྱི་བྱ་བ་སོ་སོ་བཟང་བོར་བསྒྲུབ་པའི་སྒུལ་ཤུགས་སུ་བསྒྱུར་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་མཚོ་སྔོན་ནས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་ངེས་ཡིན་ཟེར།