རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་གསུམ་འབུམ་གསུམ་ཁྲི་ལྔ་བཏང་སྟེ་མཚོ་སྔོན་ཞིང་ཆེན་གྱི་ཆུ་བོ་འབྲིང་ཆུང་གི་ཆུ་རྒྱུན་བཅོས་སྐྱོང་བཟོ་སྐྲུན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས།
2018.02.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཆུ་བོ་འབྲིང་ཆུང་གི་ཆུ་རྒྱུན་བཅོས་སྐྱོང་བཟོ་སྐྲུན་ཐད་ཀྲུང་དབྱང་གི་སྔོན་རྩིས་ཁྲོད་དུ་ཡང་བསྐྱར་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་གསུམ་འབུམ་གསུམ་ཁྲི་ལྔ་བཏང་སྟེ་མཚོ་སྔོན་ཞིང་ཆེན་གྱི་རྫ་ཆུ་དང་ཙོང་ཆུ། རོང་བོ་དགུ་ཆུ་སོགས་ཀྱི་བཅོས་སྐྱོང་བཟོ་སྐྲུན་ཐད་རྒྱབ་སྐྱོར་བྱས།

ཆུ་བོ་ཆེ་འབྲིང་གི་ཆུ་རྒྱུན་བཅོས་སྐྱོང་བཟོ་སྐྲུན་ནི་མགྱོགས་མྱུར་གྱིས་གནོད་འཚེའི་རྗེས་ཀྱི་ཆུ་བེད་ཉམས་ཞན་ས་འཛུགས་སྐྲུན་བྱེད་པའི་ནང་དོན་གཙོ་བོ་ཞིག་ཡིན་པ་དང་། ཆུ་བེད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་མི་འདང་ས་ཁ་གསབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཁུལ་ཁོངས་ཀྱི་ཆུ་ལོག་འགོག་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ཚད་མཐོན་པོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་། ཧུར་ཐག་གིས་རྒྱལ་ཁབ་ཀྱི་མ་དངུལ་བརྩོན་ལེན་བྱས་ཏེ་ཙོང་ཆུ་དང་རྫ་ཆུ་སོགས་ཀྱི་ཆུ་རྒྱུན་སྐོར་ཞིག་ལ་བཅོས་སྐྱོང་བྱས་ཏེ་ནུས་ཡོད་སྒོས་ས་ཁུལ་གྱི་ཆུ་ལོག་འགོག་པའི་ནུས་པ་མཐོར་འདེགས་བཏང་བ་དང་འགོག་སྲུང་ས་ཁུལ་གྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས། རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མགྱོགས་མྱུར་སྒོས་དངུལ་གཏོང་འཆར་གཞི་གཏན་ཁེལ་བྱེད་རྒྱུ་ཡིན་པར་མ་ཟད། བཟོ་སྐྲུན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་བྱ་བ་བཀོད་གཏོང་བྱེད་པ། འབྲེལ་ཡོད་ས་ཁུལ་གྱིས་བཟོ་སྐྲུན་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བར་སྐུལ་སྤེལ་བྱས་ཏེ་བཟོ་སྐྲུན་སྔ་མོ་ནས་ལེགས་འགྲུབ་བྱས་ནས་ཕན་ནུས་ཐོན་པར་འགན་སྲུང་བྱེད་རྒྱུ་རེད།