རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་ས་ཡ་གསུམ་བཏང་ནས་རང་ཞིང་གི་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས།
2018.02.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅོ་བརྒྱད་ལོའི་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་ས་ཡ་གསུམ་བཏང་སྟེ་གཙོ་བོར་རྒྱང་སྒྲོག་བརྙན་འཕྲིན་གྱི་སྐུད་མེད་འཕྲིན་གཏོང་དང་དབུལ་ཕོངས་ས་ཁུལ་གྱི་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱིས་ལེ་ཚན་སྒྲིག་བཟོ་དང་ལེ་ཚན་གཏོང་བའི་ནུས་པ་མཐོར་འདེགས་གཏོང་བ། གསར་འགྱུར་དཔེ་སྐྲུན་སོགས་ལས་གཞི་ཞེ་བདུན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས།

ཐེངས་འདིའི་ལས་གཞི་ལག་བསྟར་བྱས་པ་དེས་སྔར་ལས་ལྷག་པའི་སྒོ་ནས་ལས་གཞི་ས་ཁུལ་གྱི་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་བཅོས་བྱེད་ཐུབ་པ་དང་ངེས་པ་དོན་གྱིས་ལས་གཞི་ས་ཁུལ་གྱི་མང་ཚོགས་ཀྱིས་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་བཅས་ཀྱི་ལེ་ཚན་ལ་ལྟ་མི་ཐུབ་པ་དང་ཉན་མི་ཐུབ་པའི་གནད་དོན་ཐག་བཅད། མིག་སྔར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་དངུལ་གཏོང་འཆར་གཞི་གཏན་ཁེལ་བྱེད་བཞིན་ཡོད་པར་མ་ཟད་ལས་གཞི་ས་ཁུལ་གྱིས་དུས་སྐབས་སྔོན་མའི་བྱ་བ་བཟང་བོར་བསྒྲུབ་པར་སྐུལ་སྤེལ་བྱས་ཏེ་ལས་གཞི་སྔ་མོ་ནས་ལེགས་གྲུབ་ཡོང་བ་དང་དངུལ་གཏོང་ཕན་ནུས་ཐོན་པར་འགན་སྲུང་བྱེད་བཞིན་ཡོད།