མཚོ་སྔོན་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལས་གཞི་གལ་ཆེན་གྱི་དུས་སྔོན་མའི་བྱ་བར་ཁ་གསབ་རོགས་དངུལ་ས་ཡ་བརྒྱད་དང་འབུམ་ལྔ་ཐོབ།
2018.02.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 3

 ཉེ་ལམ། གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2018ལོར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལས་གཞི་གལ་ཆེན་གྱི་དུས་སྔོན་མའི་བྱ་བར་ཁ་གསབ་རོགས་དངུལ་ས་ཡ་བརྒྱད་དང་འབུམ་ལྔ་བཀོད་སྒྲིག་བྱས།

ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལས་གཞི་གལ་ཆེན་གྱི་དུས་སྔོན་མའི་བྱ་བར་ཁ་གསབ་བྱེད་པའི་ཆེད་སྤྱོད་མ་དངུལ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་ལ། དེས་རང་ཞིང་གིས་ལས་གཞི་གལ་ཆེན་ཀྱི་དུས་སྔོན་མའི་འཐབ་ཇུས་ཇུས་གཞི་ལག་བསྟར་བྱེད་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་བསྐྱེད་སྲིད།

མིག་སྔར་ལས་གཞིའི་ཁ་གསབ་རོགས་དངུལ་བཏང་བར་མ་ཟད། ལས་གཞིའི་སྡེ་ཁག་སོ་སོས་འགན་འཁྲི་ཡི་གེ་བཀོད་དེ། ལས་གཞིའི་གྲུབ་འབྲས་རེའུ་མིག་བསྒྲིགས་པར་མ་ཟད། ལས་གཞི་ཚང་མ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ལས་གཞི་གལ་ཆེན་གྱི་མཛོད་ནང་དུ་བཀོད་དེ། དུས་ལྟར་སྐོང་འཐེན་བྱེད་རྒྱུ་རེད། གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས་ལས་གཞིའི་སྡེ་ཁག་གིས་དངུལ་གཏོང་ཇུས་གཞི་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱུ་དང་། ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལས་གཞི་གལ་ཆེན་གྱི་དུས་སྔོན་མའི་བྱ་བའི་ཁ་གསབ་རོགས་དངུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཆེད་སྤྱོད་ཁ་གསབ་རོགས་དངུལ་གྱི་བཀོལ་སྤྱོད་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་ཡིན་ཟེར།